| e-texts navigator |
| Wylie |
70b1 ཡིན་ཏེ། དེ་དག་འཕགས་པའི་ནོར་དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་གཏོང་བ་དང་། ཤེས་རབ་དང་།། པོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་ནོར་ལ་དགོད་པོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།།
70b2 ཀྱེ་མའོ་སེམས་ཅན་འདི་དག་ནོར་དང་འབྲུ་དང་། ཁྱིམ་དང་། བུ་དང་། ཆུང་མ་ལ་སྲེད་པས་ཁོལ་ཅིང་སྙིང་པོ་མྱེད་པ་ལ་སྙིང་པོར་འཛི་ནད་ཏེ། དེ་དག་ལ་ཤི་ནད་ཏུ་མྱི་རྟག་པ་ཉིད་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན
70b3 གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་མྱི་རིགས་པས་འཚོ་ཞིང་གཅིག་ལ་གཅིག་འདྲིད་པ་ལ་གནས་ཏེ། དེ་དག་འཚོ་བ་ཡོངས་སུ་དག་པའི་ཕྱིར་ཆོས་བསྟནད་ཏོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས
70b4 པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་མྱི་མཛའ་བ་ཡིན་ན། ཁྱེ་དང་བཀུར་བསྟིས་རྒྱས་ནས། བདག་ཅག་མཛའོ་སྙམ་དུ་སེམས་ཏེ།། དེ་དག་གང་སྡུག་བསྔལ་རྣམ་པར་ཞི་བོའི་བདེ་བ་མྱ་ངན་ལས་འདས
70b5 པ་ལས་ཤི་ནང་ཏུ་ཡང་དག་པའི་དགེ་བའི་བཤེས་གཉེར་བྱའོ་ཞེས། སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་ནི་ཤི་ནད་ཏུ་ཉོན་མོངས་པར་གྱུར་ད་ཅིང
70b6 སྡུག་བསྔལ་གྱི་ཆོས་ཡང་བའི་ཁྱིམ་གྱི་གནས་ལ་མངོན་པར་དགའ་བ་དེ་དག་ཁམས་གསུམ་ལས་བཟའ་བའི་ཕྱིར་འབྱུང་བའི་ཆོས་བསྟན་ཏོ།། ཞེས་སེམས་ཅད་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ
70b7 ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི་རྒྱུས་ཉེ་བར་འགྲོ་བ་རྣམ་པར་བསྒྲུབས་པས། ཉེ་བར་གནས་པའི་མཚན་ཉིད་དེ། འཕགས་པའི་རྣམ་པར་གྲོལ་བ་དེ་ལ་ལེ་ལོ་བྱེད་དོ།། ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས
70b8 པའི་སྙིང་རྗེ་ཆེན་པོ་སྐྱེའོ།། སེམས་ཅན་རྣམས་ནི་ཆགས་པ་མྱེད་པའོ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཁྱད་པ་དུ་འཕགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་འདི་བཏང་ཞིང་གང་ཐེག་པ་དམན་པ་ཉན་ཐོས་དང་རང་སངས་རྒྱས
70b9 ཀྱི་ཐེག་པ་ཚོལ་ཏེ། དེ་དག་གང་འདི་སངས་རྒྱས་ཀྱི་ཡེ་ཤེས་ལ་དམྱིགས་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་ལ་སེམས་མོས་པར་བྱའོ།། ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཚངས་པ་སེམས