| e-texts navigator |
| Wylie |
68a1 འགྱུར་རོ།། མ་སྐྱེས་པའི་ཆོས་རྣམས་མྱི་འཇིག་པའི་ཕྱིར་མྱ་ངན་ལས་འདས་པ་མྱེད་དོ་ཞེས་མོས་པར་འགྱུར་རོ།། ཀུན་རྫོབ་ལ་འཇུག་པས་སེམས་ཅན་ཡོད་དོ་ཞེས་མོས་པར་འགྱུར་རོ།། དོན
68a2 དམ་པ་བསྟནད་པས་སེམས་ཅན་མྱེད་དོ་ཞེས་མོས་པར་འགྱུར་ཏེ།། ཚངས་པ་དེ་ལྟར་དེ་བཞིན་གཤེགས་པ་ལྡེམ་པོ་ངག་བསྟནད་ཏོ།། དེ་ལ་བྱང་ཆུབ་སེམས་དཔས་བསྟནད་པ་ཐམས་ཅད་ལ་མྱི་སྐྲག་པར་བྱའོ།།
68a3 དེ་ལ་ཚངས་པ་དེ་བཞིན་གཤེགས་པ་ཐབས་གང་གིས་སེམས་ཅན་རྣམས་ལ་ཆོས་སྟོན་ཅེ་ན། སྦྱིན་པས་ལོངས་སྤྱོད་འཐོབ་པ་དང་། ཚུལ་ཁྲིམས་ཀྱིས་མཐོའ་རིས་སུ་སྐྱེ་བ་དང་། བཟོད་པས་གཟུགས་བཟང་པོ་ཐོབ་པ་དང་།
68a4 བརྩོན་འགྲུས་ཀྱིས་ཡེ་ཤེས་ཐོབ་པ་དང་། བསམ་གཏན་གྱིས་རབ་ཏུ་དབེན་པ་ཐོབ་པ་དང་། ཤེས་རབ་ཀྱིས་ཉོན་མོངས་པ་འདོར་བ་དང་། ཐོས་བུས་ཤེས་རབ་ཐོབ་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་གྱིས། མྱེ
68a5 དང་ལྷོའི་ཕུན་གསུམ་ཚོགས་པ་རྣམས་ཐོབ་པ་དང་། བྱམས་པ། དང་སྙིང་རྗེ་དང་དགའ་བ་དང་། གཏང་སྙོམས་ཀྱིས་ཚངས་པའི་འཇིག། རྟེན་དུ་སྐྱེ་བ་ཐོབ་པ་དང་། ཞི་གནས་ཀྱིས་ལྷག་མཐོ་བ་འཐོབ་པ་དང
68a6 སློབ་པོའི་སས་མྱི་སློབ་པའི་ས་འཐོབ་པ་དང་། རང་སངས་རྒྱས་ཀྱི་སས་སྦྱིན་པ་ཡོངས་སུ་སྦྱོང་བ་དང་། སངས་རྒྱས་ཀྱི་སས་ཚད་མྱེད་པ་ལ་ཡེ་ཤེས་མཐོང་བ་དང་། མྱ་ངན་ལས་འདས་པ་སྡུག་བསྔལ་ཐམས
68a7 ཅད་ཉེ་བར་ཞི་བ་ཐོབ་པར་འགྱུར་རོ།། ཞེས་ཚངས་པ་ང་ནི་ཐབས་ཀྱིས་སེམས་ཅན་རྣམས་ཆོས་འདི་ལ་མོས་པར་བྱེད་དེ།། དེ་བཞིན་གཤེགས་པ་ནི་བདག་གམ། སེམས་ཅན་ནམ། སྲོག་གམ།། གང་ཟག་དུ་མྱི་དམྱིགསོ།།
68a8 དེ་བཞིན་གཤེགས་པ་ནི་སྦྱིན་པ་ཡང་མྱི་དམྱིགས། སྦྱིན་པའི་འབྲས་བུ་ཡང་མྱི་དམྱིགས། སེར་སྣ་ཡང་མྱི་དམྱིགས། སེར་སྣའི་འབྲས་བུ་ཡང་མྱི་དམྱིགས། ཚུལ་ཁྲིམས་ཀྱང་མྱི་དམྱིགས།། ཚུལ་ཁྲིམས་ཀྱི་འབྲས་བུ
68a9 ཡང་མྱི་དམྱིགས། ངང་ཚུལ་ངན་པ་ཡང་མྱི་དམྱིགས། ངང་ཚུལ་ངན་པའི་འབྲས་བུ་ཡང་མྱི་དམྱིགས། བཟོད་པ་ཡང་མྱི་དམྱིགས། བཟོད་པའི་འབྲས་བུ་ཡང་མྱི་དམྱིགས། གནོད་སེམས་ཀྱང་མྱི་དམྱིགས། གནོད