e-texts navigator
Collection
Volume
Page
Wylie

66a1 གིས་མཁྱེནད་པ་ཉིད་ཐོབ་པོ།། དེ་དག་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་རོ།། དེ་དག་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་ཏེ། བཅོམ་ལྡན་འདས་གང་ཆོས་ཀྱི་ཚུལ་ཟབ་མོ་འདི་ཐོས
66a2 རས་མྱི་སྐྲག་མྱི་དངང་ཤི་ནང་ཏུ་དངང་བར་མྱི་འགྱུར་བ་དང་། གང་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདི་ལྟར་ཟབ་པ། འདི་ལྟར་ཤེས་བཀའ་བ། འདི་ལྟར་བལྟ་བཀའ་བ།། འདི་ལྟར་ཁོང་དུ་ཆུད་པར་དཀའ་བ། འདི་ཐོས
66a3 ནས་མོས་པར་འགྱུར་བ་དང་། འཛིནད་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། གཞན་ལ་ཡང་རྒྱས་པར་བགྱིད་པར་འགྱུར་བ་དང་། ཆོས་འདི་ལ་རབ་ཏུ་ཞུགས་ཤིང་།། གཞན་ཡང་ནན་ཏན་ལ་འགོད་པར་བགྱིད་པའི་སྐྱེས་བུ
66a4 དམ་པ་དེ་དག་གིས་བསྔགས་པ་བསྐལ་པའམ་བསྐལ་ད་པ་ལས་ལྷག་པར་བརྗོད་ཅིང་།། ཡོན་ཏན་ཡོངས་སུ་བསྒྲགས་ཀྱང་བཅོམ་ལྡན་འདས་བདག་གི་སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་མཐར་མྱི་ཕྱིན་ཏོ།།
66a5 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པའམ་ཡོན་ཏན་ཅི་ཙམ་དུ་ཤེས།། ཚངས་པས་གསོལྡ་པ། དེ་བཞིན་གཤེགས་པས་ཐོགས་པ་མ་མཆི
66a6 པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཇི་སྙེད་མཁྱེནད་པ་དང་། དེ་དག་གི་ཡོན་ཏན་དེ་དག་དང་། དེ་ལས་ལྷག་པར་ཡང་འཚལ་བར་བགྱི་སྟེ།། གང་དེ་བཞིན་གཤེགས་པས་བཤད་པའི་དོན་དང་ཚིག་དང་ཡི་གེ
66a7 ཟབ་མོ་རྣམས་རྟོགས་པར་རིག་པ་དང་། ལྡེམ་པོ་ངག་འཚལ་བ་དང་། མཐུན་པར་བགྱིད་ཅིང་། འགལ་བར་མྱི་བགྱིད་པ་དང་། ཡང་དག་པར་སྦྱོར་ཞིང་སུན་འབྱིན་པར་མྱི་བགྱིད་པ་དང་། དོན་རྟོགས་པར་རིག་ཅིང་། ཡི་གེ།
66a8 ཕྱིར་མྱི་སྟེགས་པ་དེ་དག་ནི་བརྗོད་པ་གང་གིས་དེ་བཞིན་གཤེགས་པ་རྣམས་ཆོས་གསུང་བ་དང་། ལྡེམ་པོ་དག་གང་གྱིས་དེ་བཞིན་གཤེགས་པ་ཆོས་གསུང་བ་དང་། ཐབས་གག་དང་།། ཚུལ་ཀག་དང་། སྙིང་རྗེ་ཆེན་པོ་གས
66a9 གིས་དེ་བཞིན་གཤེགས་པ་ཆོས་བསྟོན་པའི་ངེས་པའི་ཚིག་བརྗོད་པ་རབ་ཏུ་འཚལ་ལོ།། ཚངས་པ་བྱང་ཆུབ་སེམས་དཔའ་གང་ལ་ལ་དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བ་འདི་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི




iiif viewer powered by OpenSeadragon

65b - 66b

Texts on this page

Ng6.3 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo