e-texts navigator
Collection
Volume
Page
Wylie

64b1 འགྱུར་རོ།། དེ་དག་འཕགས་པའི་རིགས་རྣམས་ཀྱིས་ཆོག་འཚལ་བར་འགྱུར་རོ།། གསོའ་སླ་ཞིང་དགང་སླ་བར་འགྱུར་རོ།། དེ་དག་ཕ་རོལ་ཏུ་མཆི་བའི་སླད་དུ་དབུགས་འབྱེད། ཐོབ་པར་འགྱུར་རོ།། དེ་དག་མ་རྒལ་བ་རྣམས
64b2 གྲོལ་བར་འགྱུར་རོ།། དེ་དག་མ་གྲོལ་བ་རྣམས་གྲོལ་བར་བགྱིད་པར་འགྱུར་རོ།། དེ་དག་དབུགས་འབྱི་དད་པ་མ་མཆིས་པ་རྣམས་དབྱིན་པར་འགྱུར་རོ།། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན
64b3 ལས་ཟླ་བར་འགྱུར་རོ།། དེ་དག་ལམ་སྟོནད་པར་འགྱུར་རོ།། དེ་དག་མྱ་ངན་ལས་འདས་པ་སྟོནད་པར་འགྱུར་རོ།། དེ་དག་སྨན་ཐམས་ཅད་ཡོངས་སུ་འཚལ་བའི་སླད་དུ་སྨད་པ་རྣམས་ཀྱི་རྒྱལ་པོར་འགྱུར་རོ།། དེ་དག
64b4 ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པའི་སླད་དུ། སྨན་ལྟ་བུར་འ། གྱུར་རོ།། དེ་དག་ཡེ་ཤེས་ཀྱི་སྟོབས་དང་ལྡན་པར་འགྱུར་རོ།། དེ་དག་མཐུས་སྤྲོ་བ་དང་ལྡན་པར་འགྱུར་རོ།། དེ་དག་གཞན་།
64b5 དྲིང་མྱི་འཇོག་པའི་སླད་དུ། རྩ་ལང་དང་ལྡན་པར་འགྱུར་རོ།། དེ་དག་འཇིགས་པས་སྤུ་ལྡང་བ་མ་མཆིས་པའི་སླད་དུ། སེང་གེ་ལྟ་བུར་འགྱུར་རོ།། དེ་དག་ཅང་ཤེས་པའི་སླད་དུ་བ་ཡང་ལྟ་བུར
64b6 འགྱུར་རོ།། དེ་དག་སེམས་རབ་ཏུ་དུལ་བའི་སླད་དུ་གླང་པོ་ཆེར་འགྱུར་རོ།། དེ་དག་འཁོར་མང་པོ་ཡོངས་སུ་སྡུད་པའི་སླད་དུ། ཁྱུད་མཆོག་དུ་འགྱུར་རོ།། དེ་དག་བདུད་དང་ཕྱིར་རྒོལ་བ་རྣམས་རབ་ཏུ་བཅོམ་པའི་སླད་དུ།
64b7 དཔའ་བོར་འགྱུར་རོ།། དེ་དག་འཁོར་གིས་འཇིགས་པས་མ་མཆིས་པའི་སྲད་དུ་བརྟན་པར་འགྱུར་རོ།། དེ་དག་ཀྱི་འཇིགས་པ་ཐོབ་པའི་སླད་དུ་གྱི་ཐུབ་པར་འགྱུར་རོ།། དེ་དག་བདེན་པ་བསྟན་པ་རྣམས་ལ་འཇིགས
64b8 པ་མ་མཆིས་པར་འགྱུར་རོ།། དེ་དག་དཀར་པོའི་ཕྱོགས་ཡོངས་སུ་རྒྱས་པའི་སླད་དུ་ཟླ་བ་དང་མཚུངས་པར་འགྱུར་རོ།། དེ་དག་ཤེས་རབ་ཀྱིས་སྣང་བར་བགྱིད་པས་ཉི་མ་ལྟ་བུར་འགྱུར་རོ།། དེ་དག་མུན་པ་ཆེན་པོ
64b9 དང་བྲལ་བའི་སླད་དུ། སྒྲོན་མ་ལྟ་བུར་འགྱུར་རོ།། དེ་དག་མཛའ་བ་དང་། ཁོང་འཁྲོ་བ་མ་མཆིས་པའི་སླད་དུ། གཞི་རྟེན་ལྟ་བུར་འགྱུར་རོ།། དེ་དག་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་སླད་དུ་ས་དང་མཚུངས




iiif viewer powered by OpenSeadragon

64a - 65a

Texts on this page

Ng6.3 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo