| e-texts navigator |
| Wylie |
61b1 ཚངས་པ་འདི་ནི་སྡུག་བསྔལ་བའོ།། ཞེས་བྱ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་ནོ།། ཚངས་པ་འདི་ནི་སྡུག་བསྔལ་ཀུམ་འབྱུང་བའོ།། འདི་ནི་སྡུག་བསྔལ་འགོག་པའོ།། འདི་ནི་སྡུག་བསྔལ་འགོག་པར།
61b2 འགྲོ་བའི་ལམ་མོ།། ཞེས་བྱ་བ་དེ་ནི་འཕགས་པའི་རྣམས་ཀྱི་བདེན་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པོ་འདི་ནི་སྡུག་བསྔལ་བའོ་ཞེས་བྱ་བ་དེ་ཇི་སྟེ།། འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི་བྱོས།
61b3 སོང་བ་ལང་དང་།། བུང་བུ་དང་། སེམས་ཅན་དམྱལ་བ་པ་ཐམས་ཅད་ཀྱི་འཕགས་པ་བདེན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་སྡུག་བསྔལ་བའི་ཚོར་བ་རྣམས་མྱོང་བའོ།། ཚངས་པ་འདི་ནི་སྡུག
61b4 བསྔལ་ཀུན་འབྱུང་བ་ཞེས་བྱ་བ་དེ་ཇི་སྟེ།། འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི་གང་འགྲོ་བ་རྣམས་སུ་འབྱུང་བའི་འགྲོ་བ་ཐམས་ཅད་དུ་སྐྱེས་པོའི་སེམས་ཅན་རྣམས་ཀྱི་ཡང་འཕགས་པ
61b5 བདེན་པར་འགྱུར་རོ།། འདི་ནི་འགོག་པའོ་ཞེས་བྱ་བ་དེ་ཇི་སྟེ། འཕགས་པའི་བདེད་པ་ཡིན་དུ་ཟིན་ན། དེ་ནི་གང་རྣམས་དངོས་པོ།། བཤིགས་པས་མྱ་ངན་ལས་འདས་པ་ཚོལ་བ་འགོག་པར་ལྟ་བར
61b6 ལྟུང་བ་ཆད་པར་སྨྲ་བ། ཐམས་ཅད་ལ་ཡང་འཕགས་པའི་བདེད་པར་འགྱུར་རོ།། འདི་ནི་ལམ་མོ།། ཞེས་བྱ་བ་ཇི་སྟེ།། འཕགས་ལ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན།། དེ་ནི་འདུས་བྱས་ཀྱིས། འདུས
61b7 བྱས་ལས་བྱུང་བར་ཚོལ་བ།། འདུས་བྱས་ལམ་དུ་དམྱིགས་པ་ཐམས་ཅད་ལ་ཡང་འཕགས་པའི་བདེན་པར་འགྱུར་ཏེ། དེ་བས་ན་ཚངས་པའི་རྣམ་གྲངས་འདིས་ཇི་ལྟར་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགེག།
61b8 བ་དང་། ལམ་རྣམས་འཕགས་པ་རྣམས་ཀྱི་བདེར་པ་མ་ཡིན་པར་ཁྱོད་ཀྱིས་རིག་པར་བྱའོ།། དེ་ལྟར་མོད་ཀྱི་ཚངས་པ་གང་སྡུག་བསྔལ་མྱི་སྐྱེ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེར་པའོ།། གང་ཀུན་འབྱུང་བ་མྱི་འཇུག
61b9 པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཆོས་ཐམས་ཅད་ཤིནད་ཏུ་འགགས་པ་ལ། མྱི་སྐྱེ་མྱི་འགོག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ།། གང་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དང་། གཉིས་སུ