e-texts navigator
Collection
Volume
Page
Wylie

59a1 སྡང་གིས་གཏུམ་པ་མྱེད།། ཤེས་རབ་དག་ལ་གནས་ཤིང་གཏི་མུག་བླུན་མ་ཡིན།། མཁས་པ་རྣམས་ནི་དེ་ལ་ཀུན་ཏུ་འགྲོ་བར་གསུངས།། དེ་ནི་གྲོང་དུ་ཇི་བཞིན་དེ་བཞིན་དགོན་པར་ཡང་།།
59a2 དགོན་པ་དང་ནི་གྲོང་དང་འཁོར་དུ་དེ་འདྲ་བར།། དེ་ནི་སྤྱོད་ལམ་རྣམ་པར་འགྱུར་བ་མྱི་བྱེད་དེ།། དེ་ཕྱིར་རྒྱལ་བས་དེ་ལ་ཀུན་ཏུ་འགྲོ་བར་སྤྱོད།། རྒྱལ་བ་ཀུན་གྱི་ཆོས་ཉིད་ལ་ནི་དེ་མོས་ཏེ།། མཁས་པ་ཆོས་ཉིད་ལ
59a3 ཡང་འདོད་ཆགས་དང་བྲལ་བ་དང་།། དགེ་འདུན་ལ་ཡང་འདུས་མ་བྱས་པར་ཤི་ནད་ཏུ་མོས།། དེ་ཕྱིར་རྒྱལ་བ་རྣམས་ཀྱིས་ཀུན་ཏུ་འགྲོ་བར་གསུངས།། འདོད་ཆགས་མོས་པ་དག་གི་སྤྱོད་པར་རབ་ཏུ་ཤེས།། ཞེ་སྡང་མོས
59a4 པ་རྣམས་དང་དེ་བཞིན་གཏི་མུག་དང་།། སྤྱོད་པ་རྣམ་པར་འགྱུར། བུ་ལ་ཡང་དེ་མཁས་ཏེ།། དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་བསྟན་འདོད་པའི་ཁམས་ལ་ཤི་ནད་ཏུ་གནས་པར་མྱི་བྱེད་དེ། གཟུགས
59a5 ཀྱི་ཁམས་ལ་ཡང་ནི་གནས་པར་མྱི་འགྱུར་རོ།། དེ་ནི་གཟུགས་མྱེད་པའི་ཁམས་ལ་མྱི་གནས་ཏེ། དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་བརྗོད།། རྟག་ཏུ་མཚན་མ་དང་ནི་སྤོ་དད་པས་གསོག
59a6 གྱུར་དུ་དང་།། དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་དེ་མོས་ཤིང་།། ཟག་པ་རྣམས་ནི་བར་དུ་ཟད་པར་མྱི་བྱེད་དེ།། དེའི་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་བསྟན་ང།། དེ་ནི་རང་རྒྱལ་ཐེག་པ་ལ་ཡང
59a7 མཁས་པ་ཡིན།། སྨྲ་ཕྱིར་འབྲང་བ་ཉན་ཐོས་འགྱུར་བ་ཡང་དེའི་ཤེས།། རྫོགས་པའི་སངས་རྒྱས་ཐེག་པའི་ཕ་རོལ་སོང་བ་ཡིན།། དེ་ཕྱིར་བདེ་བར་གཤེགས་པས་ཀུན་ཏུ་འགྲོ་བར་བརྗོད།། དེ་དག་རྟག་པར་ཀུན
59a8 ཏུ་བློ་གྲོས་དྲི་མ་མྱེད།། དེ་དག་ཚུལ་དང་ཚུལ་མ་ཡིན་ལ་མྱི་རྨོངས་ཏེ།། འཛའ་བ་དང་ནི་མྱི་འཛའ་བ་ལ་ཡང་མཉམ་པའི་ཡིད་དེ་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་འགྲོ་བ་ཡིན།། འདས་པ་དག་གི་ཆོས་ལ་ཡང་རྣམ
59a9 བར་མྱི་རྟོག་ཅིང།། མ་འོངས་པ་དང་ད་ལྟར་གི་ཡང་དེ་བཞིན་ཏེ།། ཐམས་ཅད་དུ་ཡང་དཔའ་བོ་རྣམ་པར་མྱི་རྟོག་སྤྱོད།། དེ་ཕྱིར་སེམས་ཅན་དག་པ་ཀུན་ཏུ་འགྲོལ་བའོ།།




iiif viewer powered by OpenSeadragon

58b - 59b

Texts on this page

Ng6.3 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo