e-texts navigator
Collection
Volume
Page
Wylie

45a1 པར་བྱེད་དེ། ལེགས་པའི་དགེ་བ་ཀུན་ཏུ་སྤྱད་པ་རྔམས་ཡོངས་སུ་སྤྱི་དད་པས།། མྱུ་རང་ཏུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་རས་དེའི་ཚེ་ཡུལ
45a2 ད་རང་ནས་ད་ར་དའི་རྒྱལ་པོ་སན་དུ་གྱི་རོ་ཞེས་བྱ་བའི་བུ་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར། བ་ར་ན་སེར་སོང་དས་བཅོམ་ལྡན་འདས་དང་ཟག་མྱི་རིང་བ་ཞིག་ན་འདུག་པར་གྱུར་ཏོ།།
45a3 དེ་ནས་པར་ངའི་རྒྱལ་པོ་སི་དུ་ཀྱི་རིའི་བུ་སྟད་ལས་ལངས་ཏེ། གྲེ་གོས་ཕྲག་པ་གཅིག་དུ་གཟ་རད་ནས།། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས
45a4 བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འད། ས་ཁྱོད་ཀྱིས་ལེགས་པར་བཀའ་སྩལ་ཏོ།། བདེ་བར་གཤེགས་པ་ཁྱོད་ཀྱིས་ལེགས་པར་བཀའ་སྩལ་ཏོ།། བཅོམ་ལྡན་འདས
45a5 བྱང་ཆུབ་ཀྱི་སེམས་ཀྱི་གསོལ་བ་འདེབས་ཤིང་། སྙིང་ཟག་པོའོ།། རུས་པའི་ཁོང་ནས་ཡིད་ལ་བགྱིས་ཏེ། སེམས་ཅན་ཐམས་ཅད།། ཀྱིས་བསམས་ནས།། དུས་གསུམ་དུ་གསོལ་བ་འདེབས་ཤིང
45a6 བརྗོད་པ་གང་ལགས་པ་དེ་ཙམ་ཡང་། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་འཕེལ་བར་འགྱུར་ཞིང་ཡང་དག་པར་རབ་ཏུ་འཕེལ་བར་འགྱུར། སྩོགས་པར་འགྱུར།
45a7 གྲངས་མ་མཆིས་པར་བགྱིད། བྱང་ཆུབ་སེམས་དཔའ་བསམ་པ་ཡང་སོགས་ཤིང་བསྒོམ་པ་དང་། ཡོངས་སུ་རྫོགས་པར་འགྱུར་ཞིང་། སྲ་བ་དང་། བཏང་བ་དང་། དེ་ཇོ་ལྟ་བུར་འགྱུར་། གོང་དུ་རྩོལ་འང་བརྩོན་གྱི་སྐྱེ།
45a8 གཏོང་བ་ལྟ་ཅི་སྨོས་ལགས། བཅོམ་ལྡན་འདས་བདག་ཅག་སྙིང་ཟག་པའི་ནུས་པའི་ཁོང་ནས་ཡིད་ལ་བགྱིད་དེ། སེམས་ཅན་ཐམས་ཅད་བསམས་ནས།། སེམས་ཅན་ཐམས་ཅད་སྤྲུལ་བ་དང་། གྲོལ་བར་བགྱི་བ་དང་།
45a9 དབུགས་འབྱུང་བ་དང་ཡོངས་སུ་མྱ་ངན་ལས་ཟློ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་དང་། ཐམས་ཅད་མཁྱེནད་པ་ཉིད་ཐོབ་པར་བགྱི་བའི་སླད་དུ། ཡང་དག་པར་རྫོགས་པའི་བྱང་ཆུབ




iiif viewer powered by OpenSeadragon

44b - 45b

Texts on this page

Ng6.2 - 'phags pa dpal dbyig gis zhus pa zhes bya ba theg pa chen po'i mdo