e-texts navigator
Collection
Volume
Page
Wylie

44b1 འགྲོ་བ་གང་དང་གང་དུ་ཕྲད་པ་དག་དུ་ཆུང་བར་མྱི་འགྱུར་རོ།། འཁུ་བ་དང་། གསོད་པ་དང་། འཆིང་བ་དང་། རྣམ་པར་འཚེ་བ་གང་ཡིན་པ་རྣམས་ལེགས་པར་སྤངས་པ་དང་། འཇིག་རྟེན་གི་ཁམས་མཐའ་ཡས་མུ་མྱེད་པའི།
44b2 ཁོངས་སུ་རྟོགས་པའི་སེམས་ཅད་མཐའ་ཡས་མུ་མྱེད་པ་རྣམས་ཀྱི་ཐོག་མ་མྱེད་པའི་དུས་ནས་བསམས་པ་དུས་མཐའ་ཡས་པ་ཉམས་སུ་མྱོང་བར་འགྱུར་བའི་སྐྱེ་བ་དང་། རྒ་བ་དང་། ར་བ་དང་། འཆི་བའི་སྡུག་བསྔལ་དང་།
44b3 མྱི་སྡུག་པ་དང་། འཕྲད་པ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། འདོད་པས་འཕོངས་པའི་སྡུག་བསྔལ་དང་། ལྷ་དང་མྱི་དང་ལྷ་མ་ཡིན་དང་། དུད་འགྲོ་དང་། ཡི་དགས་དང་། སེམས་ཅན་དམྱལ་བའི་སྡུག
44b4 དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་སྡུག་བསྔལ་བཅད་པར་བྱ་བ་དང་། དགག་པར་བྱ་བ་དང་། རྣམ་པར་ཞི་བར་བྱ་བའོ། ཕྱིར་ཞུགས་པ་དང་། བྱམས་པའི་སེམས་སུ་གྱུར་པ་དང་། སྙིང་རྫ
44b5 ཆེན་པོའི་སེམས་སུ་གྱུར་པ་དང་། གོ་ཆ་ཆེན་པོ་བགོས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་དང་། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ། ལ་མོས་པ་དང་། སངས་རྒྱས་དང་ཆོས་དང་། དགེ་འདུན་གི་གདུང
44b6 མྱི་བཅད་པར་ངེས་པར་བྱེད་པའི་ཕྱིར། སྡིག་པ་མྱི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དང་།། ཆུང་བར་འགྱུར་བ་ནས། སྲབ་པའི་བར་དུ་འགྱུར་རོ།། ལེགས་པར་དགེ་བ་ཀུན་ཏུ་སྤྱོད་པ
44b7 རྣམས་ནི་འཕེལ་བར་འགྱུར་ངས།། དཔག་ཏུ་མྱེད་པའི་བར་དུ་འགྱུར་རོ།། དེའི་བྱང་ཆུབ་སེམས་རཔའི་བསམ་པ་སྩོགས་ཤིང་སྒོམ་པ་ཡང་ཡོངས་སུ་རྫོགས་པ་དང་། སྲ་བ་དང་། བརྟ་ནང་པ་དང་། རྡོ་རྗེ་ལྟ་བུར་འགྱུར་རོ།།
44b8 ཚོང་དཔོན་གི་བུ་དེ་ལྟ་ན་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དེ་གོ་རིམས་འདི་ལྟ་བུས་མཐར་ཀྱིས་སྲིད་པ་འདི་དང་། སྲིད་པ་ཕྱི་མ་དང་། སྲིད་པ་ཡང་གྲངས་གཞན་དག་ལ་སྡིག་པ་མྱི་དགེ་བའི་ཀུན་ཏུ་སྤྱོད་པ་འགྲིབ་པ
44b9 བྱེད་པ་དང་། ཆུང་ངུ་བྱེད་པ་ནས། གསོག་དུ་བྱེད་པ་དང་། ལེགས་པ་དགེ་བ་ཀུན་སྤྱོད་པ་འཕེལ་བར་འགྱུར་བ་ནས། དཔག་ཏུ་མྱེད་པའི་བར་དུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་བསམ་པ་ཡང་སྩོགས་ཤིང་སྒོམ




iiif viewer powered by OpenSeadragon

44a - 45a

Texts on this page

Ng6.2 - 'phags pa dpal dbyig gis zhus pa zhes bya ba theg pa chen po'i mdo