| e-texts navigator |
| Wylie |
44a1 མྱི་མཉམ་པ་དང་། མཉམ་པ་དང་། ནམ་མཁའ་དང་མཉམ་པ་དང་། མྱ་ངན་ལས་འདས་པ་དང་། མཉམ་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་བྱའོ།། རྗེས་སུ་ཡི་རང་རས་ཀྱང་དགེ་བ་ཀུན
44a2 ཏུ་སྤྱད་པ་དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་ཐམས་ཅད་ལ་དབུལ་བར་བྱའོ།། ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང
44a3 སེམས་ཅན་ཐམས་ཅད་སྤྲུལ་བའི་ཕྱིར་དང་། དགྲོལ་བའི་ཕྱིར་དང་། དབུགས་དབྱུང་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་ཟླ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། ཞེས
44a4 ཅད་མཁྱེརང་པ་ཉིད་འཐོབ་པར་བྱ་བའི་ཕྱིར་ཉིད་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱའོ།། ངེས་ཀ་ཤི་ཀའི་གོས་དང་། ཙན་ངན་དང་། ཨ་ཀ།
44a5 རུའི་བདུག་པ་ལས་སྩོགས་པ་དང་། ཡོ་བྱད་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་ངམ། འདོད་པའི་ཡོན་ཏན་ལྔ་ལ་དགའ་མགུར། སྤྱོད་དམ། ལམ་དུ་འགྲོ་བ་འམ། ལས་བྱེད་དམ། བྱ་བ་ཟས
44a6 ཅད་བྱེད་པ་ན་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུན་པ་དང་དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་དེ་འབའ་ཤི་ག་རྟག་ཏུ་རྒྱུན་མྱི་འཆད་པར་རྗེས་སུ་དྲན་པར་བྱའོ།། ཡིད་ལ
44a7 བྱའོ།། སྒོམ་པར་བྱའོ།། ལན་མང་དུ་བྱའོ།། དེ་ལྟར་བྱས་ན་དེ་སྡིག་པ་མྱི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་སེམས་ལྷོད་པར་འགྱུར། ཡང་བར་འགྱུར། ཆུང་བར་འགྱུར། སྲབ་པར་འགྱུར། གསོག་ཏུ་འགྱུར་རོ།།
44a8 ལེགས་པ་དགེ་བའི་ལས་ཀུན་ཏུ་སྤྱོད་པ་རྣམས་ལ་ནི་སེམས་ཞེན་པར་འགྱུར། དྲག་པར་འགྱུར། མྱི་ལྡོད་པར་མྱི་ཡང་བར་འགྱུར། མྱི་ཆུང་བར་འགྱུར་རོ།། དེ་སྡིག་པ་མྱི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ལ
44a9 སྡོད་པར་གྱུར། ཡང་བར་གྱུར་པ། ཆུང་བར་གྱུརང། སྲབ་པར་གྱུར་པ། གསོག་དུ་གྱུར་པ། མྱེད་པར་གྱུར་པ་དང་། ལེགས་པ་དགེ་བའི་རྩ་བ་ཀུན་སྤྱོད་པ་རྣམས་ལ་སེམས་ཞེན་པར་གྱུར་པས། སྲིད་པ