e-texts navigator
Collection
Volume
Page
Wylie

43b1 པའི་ལས་མྱི་དགེ་བ་གང་དང་གང་ཀུན་ཏུ་སྤྱོད་པ་དེ་ལ་ཞེན་པ་མ་ཡིན་པ་དང་། དྲག་པོ་མ་ཡིན་པའི་སེམས་དང་། མྱི་དགའ་བཞིན་དང་། ལྷོད་པ་དང་། ཡང་བའི་སེམས་དང་། དོན་གི་དབང་དང་། དགོས་པའི་དབང་གིས།
43b2 སྤྱོད་པར་བྱས་སྟེ། ངེས་མྱི་དགེ་བའི་བཅུའི་ལས་འཁྲོ་བའི་དབང་དུ་གྱུར་པ་དང་། ཁོན་དུ་འཛི་རད་པའི་དབང་དུ་གྱུར་པ་དང་། དགའ་བ་དང་། མཆོག་དུ་དགའ་བའི་དབང་དུ་གྱུར་པས་ཀུན་ཏུ་སྤྱད་པར་མྱི་བྱའོ།། ཀུན
43b3 ཏུ་སྤྱོད་པར་འདོད་པ་ན་ཡང་རྣམ་པར་སྨད་པར་བྱ།། རྣམ་པར་བཤུང་བར་བྱའོ།། སྤྱོད་ཅིང་འདུག་པ་ན་ཡང་རྣམ་པར་སྨད་པར་བྱ། རྣམ་པར་བཤུང་བར་བྱའོ།། སྤྱད་ཟིན་པ་རྣམ་པར་སྨད་པར་བྱ།། རྣམ་པར་བཤུང་བར
43b4 བྱ་སོ་སོར་བཤགས་པར་བྱ།། ངེས་པར་འབྱུང་བར་བྱའོ།། ལེགས་པའི་དགེ་བ་ཅི་ཡང་རུང་བ་ཞིག་ཀུན་ཏུ་སྤྱོད་པ་ན་ནི། དེས་ནི་དེ་ལ་སེམས་ཞེན་པ་དྲང་།། དྲག་པོའི་སེམས་དང་། ཚིམ་པ་དང་། མགུ་བ་དང་། སྨོད་པ
43b5 མ་ཡིན་པ་དང་། ཡང་བ་མ་ཡིན་པ་དང་། བར་ཆད་མྱེད་པ་དང་།། དད་པ་དང་། དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བའི་དབང་དུ་གྱུར་པའི་སེམས་ཀྱིས་ཀུན་ཏུ་སྤྱད་པར་བྱའོ།། ཀུན་ཏུ་སྤྱད
43b6 པར་འདོད་པ་ན་ཡང་སྙིང་ཟག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས། སེམས་ཅན་ཐ་མས་ཅད་ཀྱི་སྒྲལ་བའི་ཕྱིར་དང་། དགྲོལ་བའི་ཕྱིར་དང་དབུགས
43b7 འབྱུང་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་ཟླ་བའི་ཕྱིར་དང་། ཐམས་ཅད་མཁྱེནད་པ་ཉིད་ཐོབ་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བླ་ན་མྱེད་པ་ཡང་དག་པར་རྫོག།
43b8 བའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱའོ།། དེས་དགེ་བ་ཀུན་ཏུ་སྤྱོད་པ་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་ཐམས་ཅད་ལ་ཡང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད
43b9 ཀྱིས་བསམས་ནས། མངོན་པར་བསྡུས་ཏེ་ཟླུམས་ནས་རྗེས་སུ་ཡི་རང་བྱའོ།། རྗེས་སུ་ཡཱི་རང་བའི་མཆོག་དང་། ཕུལ་དང་གཙོ་བོ་དང་རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། དམ་པ་དང་། མཉམ་པ་མྱེད་པ་དང་།




iiif viewer powered by OpenSeadragon

43a - 44a

Texts on this page

Ng6.2 - 'phags pa dpal dbyig gis zhus pa zhes bya ba theg pa chen po'i mdo