| e-texts navigator |
| Wylie |
43a1 སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ལས་སྩོགས་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཟ་བ་ཐམས་ཅད་ལ་དུས་གསུམ་དུ་རྗེས་སུ
43a2 ཡི་རང་བ་མྱི་བཏང་བར་བྱའོ།། འཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས།། དུས་གསུམ་དུ་རྫོགས་པའི
43a3 བྱང་ཆུབ་ཏུ་སྨོནད་པ་དང་། བདག་ཉིད་སྡིག་པ་སྤྱོད་པ་ལ་རྣམ་པར་སྨད་པ་དང་། སྡིག་པ་སྤྱོད་པ་ལ་བཤུང་བ་དང་། སྡིག་པ་ལས་ངེས་པར་འབྱུང་བ་དང་། དགེ་བ་ཐམས་ཅད་འདོད་པ་དང་། དགེ་བ་ཐམས་ཅད་བླང་བ་དང་། ཚེ་རབས
43a4 ཚེ་རབས་སུ་ཡང་དཀོན་མཆོག་ལ་བསྙེན་བཀུར་བྱ་བ་གསོལ་བ་གཏ་བ་པ་དང་། གཅིག་ཏུ་ངེས་པར་རྣམ་པར་དག་པའི་དགེ་བའི་སྤྱོད་པར་གསོལ་བུ་གཏབ་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཡོངས
43a5 སུ་རྫོགས་པར་བྱ་བར་གསོལ་བ་གཏབ་པ་དང་།། སངས་རྒྱས་ཀྱི། ཆོས་ཐམས་ཅད་འཐོབ་པར་གསོལ་བ་གཏབ་པ་དང་། ཆོས་ཀྱི་འཁོ།། ར་ལོ་སྐོར་བར་གསོལ་བ་གཏབ་པ་དང་། བསྐལ་པ་དུ་མར་ཆོས
43a6 བསྟནད་པ་གསོལ་བ་གཏབ་པ་མྱི་གཏང་བར་བྱའོ།། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི། ཕ་མ་ལ་གནོད་པ་མྱེད་པ་དང་། བུ་དང་། ཆུང་མ་དང་། བྲན་པོ་དང་། བྲན་མོ།
43a7 དང་ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའོ་དང་། བློན་པོ་དང་། ཉེ་དུ་དང་། རྒན་རབས་ལ་གནོད་པ་མྱེད་པར་ཇི་ལྟར་མོས་པ་དང་། ཅི་ནུས་ལ་དུས་དུས་སུ་སྦྱིན་པ་སྦྱིན་པར་བྱའོ།། འཚོང་དཔོན་གི་བུ་གཞན་ཡང
43a8 ལས་དཔོ་པའི་བྱང་ཆུབ་སེམས་དཔའ་ནི། བསླབ་པའི་གཞི་ལྔ་ལ་གནས་ཤིང་འདུག་པ་དང་། བརྟན་པོར་འདུག་པ་དང་། མྱི་ལྷོད་པར་འདུག་པར་བསླབ་པར་བྱའོ།། གལ་ཏེ་བསླབ་པའི་གཞི་ལྔ་ལ་བསློབ་མྱི
43a9 ནུས་དེ་ཡང་། དེས་བཞི་འམ། གསུམ་འམ། གཉིས་སམ། དེའི་ནང་ནས་བསླབ་པའི་གཞི་གཅིག་ཙམ་ལ་ཡང་བསླབ་པར་བྱའོ།། གལ་ཏེ་བསླབ་པའི་གཞི་གཅིག་ཙམ་ལ་བསློབ་པར་ཡང་མྱི་ནུས་ན། དེ་སྡིག