| e-texts navigator |
| Wylie |
42b1 ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས། འཇིག་རྟེན་གི་ཁམས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱི་མྱི་སྟོངས་པར་དུས
42b2 གསུམ་དུ་གསོལ་བ་བཏབ་པ་མྱི་བཏང་བར་བྱའོ།། འཇིག་རྟེན་གི་ཁམས་ཐམས་ཅད་དུ་དཀོན་མཆོག་གསུམ་སྐལ་པ་དུ་མར་གནས་པར་དུས་གསུམ་དུ་གསོལ་བ་བཏབ་པར་མྱི་བཏང་བར་བྱའོ།། འཇིག་རྟེན་གི་ཁས
42b3 ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསྐལ་པ་དུ་མར་ཆོས་བསྟནད་པར་དུས་གསུམ་དུ་གསོལ་བར་བཏབ་པ་མྱི་བཏང་བར་བྱའོ།། འཇིག་རྟེནང་གི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཅི་ནུས་པ་དང་ནི་ལྕོགས
42b4 པ་དང་། ཇི་ལྟར་གསོལ་བ་གདབ་པ་དེ་བཞིན་དུ་ཐེག་པ་གསུམ་དལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་དུས་གསུམ་དུ་གསོལ་བ་བཏང་བ་མྱི་བཏང་བར་བྱའོ།། འཇིག་རྟེནང་གི་ཁམས་ཐམས་ཅད་ཀྱི
42b5 ཁོངས་སུ་རྟོགས་པའི་སེམས་ཅན་ཐམས་ཅད་སྤྲུལ་བའི་ཕྱིར། དགེ་བའི་རྩ་བ་ཐམས་ཅད་མྱུར་ཞིང་རིངས་པར་ཡོངས་སུ་རྫོགས། པར་འགྱུར་བར་དུས་གསུམ་དུ་གསོལ་བ་བཏབ་པ་མྱི་བཏང
42b6 བར་བྱའོ།། འཇིག་རྟེནང་གི་ཁམས་ཐམས་ཅད་ཀྱི་ཁོངས་སུ་རྟོགས་པའི་སེམས་ཅན་ཐམས་ཅད་ཀྱིས།། བྱང་ཆུབ་གསུམ་ཐོབ་ལ་ར་འགྱུར་བར་དུས་གསུམ་དུ་གསོལ་བ་བཏབ་པ་མྱི་བཏང་བར
42b7 བྱའོ།། འཇིག་རྟེནང་གི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གརྟོགས་པའི་སེམས་ཅན་ངན་འགྲོར་སྐྱེས་པ་ཐམས་ཅད་ངར་འགྲོ་ཐམས་ཅད་ནས་གདོན་པར་དུས་གསུམ་དུ་གསོལ་བ་བཏག
42b8 བ་མྱི་བཏང་བར་བྱའོ།། འཇིག་རྟེན་གི་ཁམས་ཐམས་ཅད་ཀྱི་ཁོངས་སུ་རྟོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སྤོང་བར་དུས་གསུམ་དུ་གསོལ་བ་གཏབ་པ་མྱི་བཏང་བར་བྱའོ།། འཇིགས་པ་ཐམས
42b9 ཅད་སྤོང་བར་འགྱུར་བའི་གསོལ་བ་བཏབ་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་སྤོང་བར་འགྱུར་བར་དུས་གསུམ་དུ་གསོལ་བ་མྱི་བཏང་བར་བྱའོ།། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི