e-texts navigator
Collection
Volume
Page
Wylie

42a1 དཔག་ཏུ་མྱེད་གྲངས་མྱེད་པ་ད་ལྟར་བཞུགས་ལ་འཚོ་ཞིང་བཞེས་ཏེ། དཔེར་ན་གང་ཀའི་ཀླུང་གི་བྱེ་མ་སྙེད་དོ།། དེ་སྐད་ཅེས་བཀའ་སྩལ་པ་དང་།། བཅོམ་ལྡན་འདས་ལ་ཚོང་དཔོན་གྱི་བུ་དཔལ་དབྱིག་གྱིས
42a2 འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་ལྟར་མྱི་བརྒྱ་འམ། མྱི་སྟོང་འམ། མྱི་འབུམ་གྱིས་སྔོན་འབད་དེ་བསྩལ་པས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་པ་མ།། བཅོམ་ལྡན་འདས་བདག
42a3 གིས་ཀྱང་འབད་དེ་བཙལ་ན། ཅིའི་སླད་དུ་དེ་མྱི་ཐོབ།། མྱི་རྟོགས་ཀྱིས་དེའི་སླད་དུ་ཐུགས་རྩེ་བ་དགོངས་ཏེ། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་བགྱི་བ་དང་། ཇི་ལྟར་གནས་པར་བགྱི་བ་དང་། ཇི་ལྟར་བསྒྲུབ
42a4 བར་བགྱི་བ། བཅོམ་ལྡན་འདས་ཀྱིས་བདག་ལ་དེ་ལྟར་ལེགས་པར་བསྟནང་དུ་གསོལ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་གྱི་བུ་དཔལ་དབྱིག་ལ་འདི་སྐད་ཅེས་བཀའ་སྩལ་ད་ཏོ།།
42a5 ཚོང་དཔོན་གི་བུ་ལེགས་སོ།། ལེགས་སོ།། ཁྱོད་ཀྱི་རྟོག་པ་མཛེ། ས་སོ་སྤོབས་པ་དགེའོ།། ཚོང་དཔོན་གྱི་བུ་དེའི་ཕྱིར་ལེགས་པར། རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་།། ལས་དང་པོ་པའི་བྱང་ཆུབ
42a6 སེམས་དཔའ་ཇི་ལྟར་བྱ་བ་དང་། ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་བསྒྲུབ་པར་བྱ་བ་ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏོ།། ཚོང་དཔོན་གྱི་བུ་དཔལ་དབྱིག
42a7 བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚོང་དཔོན་གྱི་བུ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ས་ནི་ཉིད་གཅིག་བཞིན་དུ་སྙིང་ཟག་པ་ནུས་པའི་ཁོང་དས
42a8 ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས། དུས་གསུམ་དུ་དཀོན་མཆོག་གསུམ་ལ་མཆོད་པ་དང་རི་མོ་བྱ་བ་མྱི་བཏང་བར་བྱའོ།། ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་ད
42a9 སྙིང་ཟག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས།། དུས་གསུམ་དུ་དཀོན་མཆོག་གསུམ་ལ་བསྐྱབས་སུ་འགྲོ་བའི་ཡི་དམ་མྱི་གཏང་བར་བྱའོ།། ཚོང་དཔོན་གྱི་བུ་གཞན་ཡང




iiif viewer powered by OpenSeadragon

41b - 42b

Texts on this page

Ng6.2 - 'phags pa dpal dbyig gis zhus pa zhes bya ba theg pa chen po'i mdo