e-texts navigator
Collection
Volume
Page
Wylie

41b1 རྒྱ་གར་སྐད་དུ། ཨརྱ་ཤྲི་བ་སུ་བ་རི་པྲིད་ཚཱ་ནཱ་མ་མ་ཏ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་དཔལ་དབྱིག་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
41b2 འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་མ། བཅོམ་ལྡན་འདས་པ་ར་ན་སེ་ན།། དྲང་སྲོང་སྦ་བ་རི་དགས་ཀྱི་ཆགས་ན། བྱང་ཆུབ་སེམས་དཔའ་དགེ་འདུན་དང་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་དང་ཐབས་གཅིག
41b3 དུ་བཞུགས་ཏེ། དེ་ནས་ཚོང་དཔོན་གི་བུ་དཔལ་བྱིག་ཅེས་བྱ་བ། བ་ར་ན་སེའི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱི་ནང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།
41b4 ལན་གསུམ་སྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོར། རས་གཅིག་དུ་འདུག་ནས།། ཚོང་དཔོར་གི་བུ་དཔལ་དབྱིག་གིས་བཅོམ་ལྡན་འདས་ག་ལ་བ་ལོགས་སུ་ཕལ་མོ་སྦྱར་བ་བཏུང་ཏེ།
41b5 བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན། འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ། འི་སངས་རྒྱས་ཇི་སྙེད་ཅིག་འདས་ཤིང་གཤེགས་ལགས།། བཅོམ
41b6 ལྡན་འདས་ཀྱིས་བཀའ་སྩལ་བ།། ཚོང་དཔོན་གི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མྱེད་གྲཝ་ངས་མྱེད་པ་འདས་ཤིང་གཤེགས་ཏེ། དཔེར་ན་གང་གའི་ཀླུང་གི་བྱེ་མ
41b7 སྙེང་ངོ་།། གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་སྐྱེ་ཞིང་འབྱུང་བར་འགྱུར་ལགས།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ
41b8 པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་གཅིག་ད་ལྟར་བཞུགས་ཤིང་འཚོ་ཞིང་བཤེས་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཚོང་དཔོན་གི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
41b9 པར་རྫོགས་པའི་སངས་རྒྱས་དཔག་ཏུ་མྱེད་གྲངས་མྱེད་པ་སྐྱེ་ཞིང་འབྱུང་བར་འགྱུར་ཏེ། དཔེར་ན་གང་གའི་ཀླུང་གི་བྱེ་མ་སྙེད་དོ།། ཚོང་དཔོན་གི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས




iiif viewer powered by OpenSeadragon

41a - 42a

Texts on this page

Ng6.2 - 'phags pa dpal dbyig gis zhus pa zhes bya ba theg pa chen po'i mdo