e-texts navigator
Collection
Volume
Page
Wylie

181a1 པ་དེ་བཞིན་དུ།། དག་པོའི་ཕྱོགས་ལ་ཀུན་ཏུ་ཆགས།། དེས་ནི་ངན་འགྲོར་འགྲོ་བར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལང་ནས།། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་། དགེ
181a2 ཟོང་དེ་དག་དང་། སྒྲ་དང་། ཕྱི་དང་། ལཱ་མ་ཡིན་དང་། དྲིམམ་བཅས་པའི་འཇིག་རྟེན་ཡི་རངས་སྟེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་ཏོ།། འཕགས་པ་ཡུལ་འཁོར་སྐྱོང་ཀྱིས་ཞུས་པ་ཞེས་བྱ
181a3 ཐེག་པ་ཆེན་པོའི་མདོའོ།། རྫོགས་སྷོ། རྒྱ་ཀར་སྐད་དུ། ཨརྱ་བི་ཀུར་བ་ཎ་རཱ་ཛ་པ་རི་པྲིད་ཙ་ན་མ་མ་ཧ་ཡ་ན་སུ་ཛ།
181a4 བོད་སྐད་དུ། འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག
181a5 ཀྱིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གཉན་དུ་ཡོད་པ།། རྒྱལ་བུ་རྒྱ་ཆེ་གྱི་འཚལ། འགོན་མྱེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ཉི་ཁྲིའི་དགེ་སློང་གི་དགེ་འདུན་ཆེན་པོ་དང
181a6 བྱང་ཆུབ་སེམས་དཔའ་བྱམས་པ་དང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། མཐུ་ཆེན་ཐོ་བ་དང་། སེང་གེའི་བློ་གྲོས་དང་། སེང་གེའི་རྟོག་དང་། སེང་གེའི་རྩལ་གྱིས་འགྲོ་བ་ལས་བསྡོགས་པ་ཐམས་ཅད་ཀྱང་། སྐྱེ་བ
181a7 གཅིག་གིས་ཐོགས་པ་ཁྲི་དང་། ཡང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཡང་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་གོ།། ཡང་དེའི་ཚེ་བཅོམ་ལྡན
181a8 འདས་འཁོར་འབུམ་ཕྲག་དུ་མའི་ནང་མ།། འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཉིད་ལས་བསམས་ཏེ། ཆོས་སྟོན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པ
181a9 རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས




iiif viewer powered by OpenSeadragon

180b - 181b

Texts on this page

Ng6.5 - 'phags pa yul 'khor skyong gis zhus pa zhes bya ba theg pa chen po'i mdo
Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo