| e-texts navigator |
| Wylie |
179b1 སོ་རྣམས་ལ་ཡང་སུན་འབྱིན་ཅིང་གཤེ་བར་བྱེད་ལ། དེས་ཐོས་སུ་ཟིན་ཀྱང་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།། དགོན་པོའི་བསྔགས་པ་མ་ཡིན་པ་ཡང་བརྗོད་པར་བྱེད་དོ།། གང་ལ་དེའི་སེམས་མངོན་པར་དགའ
179b2 བའི་འདོད་པ་རྣམས་འབའ་ཤིག་གི་བསྔགས་པ་བརྗོད་པར་བྱེད་ཅིང་། གང་ལ་དེའི་སེམས་མངོན་པར་དགའ་བའི་བྲེ་མོ་གཏམ་འབའོ་ཞིག་གི་བསྔགས་པ་བརྗོད་པར་བྱེད་ལ། དགེ་སློང་གི་གནས་གང་ཡང་རུང་བ་དེ་དག
179b3 ཀི་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།། གང་ལས་དེ་བཞིན་གཤེགས་པས་མདོའི་ཚིག་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་། འདུ་འཛིར་མྱི་འགྱུར་བར་བྱའོ་ཞེས་གསུངས་པའི་མདོའི་ཚིག་དེ
179b4 བོར་ནས། དགེ་སྦྱོང་གི་ཚུལ་མྱི་འདོད་ཅིང་། དགེ་སྦྱོང་གི་དངོས་པོ་མྱི་འདོད་དེ། གཅིག་པུ་འདུག་ཅིང་། བུད་མྱེད་ལ་ཆོས་འཆད་པར་བྱེད་ལ། གཞན་དག་ལ་ཡང་དེ་ལྟ་བུའི་གཞི་རྣམས་སུ་ལུང་འབོག་པར་བྱེད་དོ།།
179b5 དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཆོམ་རྐུན་པོར་གསུངས་ཏེ། སོ་སོར་ཐ་རད་པ་སྤངས་ནས། གཅིག་པུ་ར་འདུག་ཅིང་བུད་མྱེད་ལ་ཆོས་འཆད་པའི་ཕྱིར་རོ།། མྱི་བླུན་པོ
179b6 དེ་དག་ནི་བཅོས་མ་སྟེ། མགོ་བྲེགས་པས་བཅོས་པ་དང་། གོས་རུར་སྤྱིགས་གྱོད་པས་བཅོས་པའོ།། རྒྱུ་གང་གིས་བཅོས་པ་ཡིན་པར་ཤེས་པར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས
179b7 སྨད་པ་གང་ཡིན་པ་མྱི་བླུན་པོ་དེ་དག་གིས་གནས་པར་བྱེད་དེ། ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་དེ། རང་གི་ལག་གིས་ལེན་པར་བྱེད། མ་བརྟགས་པ་ལ་ལོངས་སྤྱོད་པར་བྱེད། ངང་ཉིད་གཡོས་དང་འཚེད
179b8 པའི་ལས་བྱེད། གསེར་དང་རྡུལ་བདག་གིར་བྱེད་ཁྲེ་རྒོད་དང་འབྲུ་ལས་བསྩོགས་པ་གསོག་པར་བྱེད། ཁྱིམ་གྱི་གཞི་དང་། ཞིང་གྱི་གཞི་དང་། ཀུན་དཀའ་ར་བའི་གཞི་ཉེ་ཚོང་བྱེད་ཅིང་ཚལ་ཟེ་འཚོ་བ་སྦྱོར་བ་བྱེད་ཅིང་། ཁྱིམ་གྱི་གཞི
179b9 དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་ལེན་པར་བྱེད། ལས་ཀྱི་རྣམ་པར་སྦྱིན་པ་ལ་ཡིད་མྱི་ཆེས་ཤིང་། སོ་སོར་ཐ་རད་པ་ལ་མ་དད་ནས། དེ་ལ་གཞོལ། དེ་ལ་འབབ། དེ་ལ་བབ། དེ་བདེན་པར་འཛིན།། དེ་སྐྱོང