| e-texts navigator |
| Wylie |
179a1 དེ་ལྟར་བྱས་ན་ཅི་ཞིག་བསམ་པ་ཡིན། དེ་བཞིན་དུ་ཆོས་རྣམས་སྤྱོང་བར་ཡང་བརྩོན་པར་བྱའོ།། དེ་ལྟར་བརྩོར་བ་དེ་ནི་ཚུལ་ཁྲིམས་ཀྱི་ཐུང་པོ་ཡོངས་སུ་དག་པར་བྱེད་དོ།། ཏིང་ངེ་འཛིན་ཀྱི་ཕུང་པོ་དང་།
179a2 ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ།། རྒྱུ་ནང་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ།། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་ཏེ།
179a3 དེ་ལྟ་བུའི་ཏིང་ངེ་འཛིན་མྱེད་པ་ནི་དང་བའི་ཉན་ཐོས་ཡིན་ཏེ། དེ་དག་གིས་ཟག་པ་ཟད་པ་ཐོབ་པར་འགྱུར་རོ།། དེ་ལ་དགེ་སློང་ལྟར་བཅོས་པ་གང་ཞེ་ན། ཡུལ་འཁོར་སྐྱོང་འདི་ན་དགེ་སློང་བདག་ཉིད་ལ་ངའོ་སྙམ་དུ་འཛིན
179a4 ཏོ།། དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་རྫོགས་པ་དང་ལྡན་པ་ཡིན། ཆོས་གོས་གཅེས་པར་འཛིན་པ་ཡིན། ལྷུང་ཟེད་གཱ། ཅེས་པར་འཛིན་པ་ཡིན། ཟང་ཟིང་གཅེས་པར་འཛིན་པ་ཡིན་ཏེ།
179a5 དེ་ནི་མྱི་སྨྲ་བ་སྤངས་ནས། ངན་སོང་དུ་འགྱུར་བའི་མལ་ཆ་དང་། སྟནད་དང་། འགྲོན་དུ་གཉེར་བ་ཆེན་པོ་རྣམས་བདག་གིར་བྱེད། བུད་མྱེད་དང་འདྲིས་པར་བྱེད། དགེ་སློང་མ་དང་འདྲིས་པར་བྱེད།།
179a6 རྒྱལ་པོ་བཀྲབས་པ་དང་འདྲིས་པར་བྱེད་དེ། དེ་འདྲིས་པར་གྱུར་པ་ནས།། རྒྱུན་མྱི་ཆད་པར་མྱིག་གིས་གཟུགས་རྣམས་ལ་ངེས་པར་སེམས་སོ།། དེས་དེ་ལྟར་སེམས་བསྐྱེད་ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ།།
179a7 ཀུན་ནས་ཉོན་མོངས་པའི་སེམས་དང་ལྡན་ན་གནས་འདི་ལྟ་བུ་ཡོད་དེ།། ཉེས་པ་ལྕི་བ་དེ་བྱེད་པ་འམ། ཡང་ན་ཆུང་ངུ་བྱེད་ཅིང་འདུག་པ་འགྱུར་ཏེ། ཡུལ་འཁོར་བསྐྱོད་འདི་ནི་དགེ་སློང་ལྟར་བཅོས་པ་ཡིན་ནོ།། ཡུལ་འཁོར
179a8 སྐྱོང་ཅིའི་ཕྱིར་དགེ་སློང་ལྟར་བཅོས་པ་ཡིན་ཞེ་ན། དགེ་བ་སྦྱོང་ལྟར་བཅོས་པ་དེ་དེ་བཞིན་གཤེགས་པས་མལ་ཆ་དང་། སྟན་གནང་བ་ཐ་མལ་པ་གང་ལ་དགེ་བ་སྤྱོང་གནས་པའི་མལ་ཆ་དང་། སྙན་པ་གང་ཡིན་པའི་མྱི་བླུན
179a9 པོ་དེས་སྤངས་ནས་རློ་གྲོ་ལ་ཞེན་ཅིང་ཟང་ཟིང་ལ་ཞེན་ནས། བུད་མྱེད་དང་འདྲིས་པར་བྱེད་ཅིང་ཁྱིམ་དང་འདྲིས་པར་བྱེད་ན། འདྲིས་པར་འགྱུར་བའི་མྱི་བླུན་པོ་དེས་དགེ་སྦྱོང་གི་ཚུལ་ལྟ་ག་ལ་ཡོད་དེ། དེའི་སྟེང་དུ་ཆོས་ཟབ