e-texts navigator
Collection
Volume
Page
Wylie

178b1 རབ་ཏུ་དབེན་པ་དང་། དགོན་པར་དགའ་བ་དང་། ཞི་བའི་གནས་ལས་སྒྲ་ཆུང་བ་སྐད་རུང་བ་འཇིགས་པའི་ཡིད་ལ་བྱེད་པ་མྱེད་པ།། སྡིག་སྤྲུལ་མྱེད་པ། བྱི་མང་པོ་ཀྱང་པ།། ཕྱིས་དབེན་པ་ནང་དུ་ཡང་དག་པ་འཇོག་དང་། མཚམ་པ
178b2 བསྟེ་ནང་པར་བྱའོ།། བདག་སྟོང་པར་ཡང་མྱི་བྱའོ།། གཞན་སྤང་པར་མྱི་བྱའོ།། ཚུལ་འཆོས་པ་དང་། ཁ་གསག་མྱི་བྱའོ།། རྟག་ཏུ་རྒྱུན་མྱི་འཆང་བར་བསྐྱོ་བའི་སེམས་བསྐྱེད་པར་བྱའོ།། དེས་ཁྱིམ་པ་དང་། རབ་ཏུ་བྱུང་བ
178b3 རྣམས་དང་། འདུ་ཞིང་འདྲིས་པར་མྱི་བྱའོ།། སྟོང་པའི་ཆོས་རྣམས་ཀུན་ཏུ་བསྟེན་པར་བྱ།། ། བསྒོམ་པར་བྱ།། མང་དུ་བྱའོ།། དེས་རིགས་པ་དང་མྱི་ལྡན་པའི་དགེ་སློང་དང་ལྷན་གཅིག་ཕྲད་པ་སྤང་བར་བྱའོ།། དགེ་སློང
178b4 པ་དང་འདྲིས་པར་མྱི་བྱའོ།། འདོད་པ་ཆུང་བར་ཡང་བྱའོ།། རྟག་ཏུ་བདག་ཉིད་ཀྱི་འཁྲུལ་ད་བ་རྣམས་ལ་སོ་སོར་རྟག་པར་བྱའོ།། གཞན་གི་འཁྲུསད་པ་རྣམས་ལ་བརྟག་པར་མྱི་བྱའོ།། ཕ་མ་ལ་ཡང་ཡིད་བརྟན
178b5 པར་མྱི་བྱ་ན། རིགས་གཞན་ལྟ་ལ་ཅི་སྨོས།། ཤིན་ཏུ་ཡང་དག་པར་བསྡམས་པ་ཅན་དུ་བྱའོ།། ཉེ་བར་ཞི་བའི་ཆོས་ཀྱི་སྦྱིན་བདག་བྱའོ།། དམྱིགས་པ་ལ་མཁས་པར་བྱའོ།། དབེན་པའི་གནས
178b6 ལམ་དུ་གནས་པར་བྱའོ།། མཐུན་པ་ཡང་གཞན་དག་ལ་སྨྲ་བ.རམྱི་བྱ་ན། མྱི་མཐུན་པ་ལྟ་ཅི་སྨོས། དེས་ཆོས་དེ་དག་ལ་སེམས་ཉེ་བར་གནས་པར་བྱས་ནས། ཆོས་ཟབ་མོ་རྣམས་ལ་སོ་སོར་བརྟག
178b7 པར་བྱའོ།། ཆོས་ཟབ་མོ་རྣམས་ལ་བརྟག་པར་བྱ་བ་དེ་དག་ཀྱང་གང་ཞེ་ན། མྱིག་མྱི་རྟག་གོ་སྙམ་དུ་སོ་སོར་བརྟག་པར་བྱའོ།། དེའི་སྐྱེ་བ་དང་འཇིག་པ་ལ་ཡང་དག་པར་སོ་སོར་བརྟག་པར་བྱའོ།། དེ་ལ་སྐྱེ་བ་དང་། འཇིག་པ་ལ།
178b8 སོ་སོར་རྟོག་པ་གང་ཡིན་པ་དེ་ནི་མྱེད་པ་ལ་སོ་སོར་རྟོག་པའོ།། དེ་ཅིའི་ཕྱིར་ཞེ་ན། མྱིག་ཅེས་བྱ་བ་ནི་མྱེད་པའི་ཕྱིར་རོ།། མྱིག་དང་། གཟུགས་དང་། མྱིག་གི་རྣམ་པར་ཤེས་པ་ནི་དམྱིགས་པ་མ་ཡིན་གྱི། མྱེད་པ་དམྱིགས་པ།
178b9 ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མྱིགས་པའི་ཕྱིར་རོ།། དེས་རྔ་བའི་རྟེན་བསམ་པར་མྱི་བྱའོ།། སྔ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྟེན་བསམ་པར་མྱི་བྱའོ།། མི་ཡང་རུང་བའི་རྟེན་བསམ་པར་མྱི་བྱ




iiif viewer powered by OpenSeadragon

178a - 179a

Texts on this page

Ng6.5 - 'phags pa yul 'khor skyong gis zhus pa zhes bya ba theg pa chen po'i mdo