| e-texts navigator |
| Wylie |
178a1 རྒྱ་བར་འདོད་པ་ཡིན་སྙམ་དུ་བརྟག་པར་བྱའོ།། གལ་ཏེ་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ཞིག་ཡིན་ན་ནི། དེས་ཉན་ཐོས་ཀྱི་བསླབ་པ་ཁོ་ན་ལ་བསླབ་པར་བྱ་སྟེ། སོ་སོར་ཐར་རད
178a2 པའི་བསྡོམ་པས་བསྡམ་པར་བྱའོ།། ཆོ་ག་དང་སྤྱོད་ཡུལ་ཕུན་གསུམ་ཚོགས་པར་བྱའོ།། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་འཇིགས་པར་ལྟ་བས་ཡང་དག་པར་བླངས་ཏེ་བསླབ་པར་བྱའོ།། བསླབ་པའི་གཞི་རྣམས་ལ
178a3 ཡང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པར་བྱའོ།། འཚོ་བ་ཡོངས་སུ་དག་པ་དང་། སྨད་དུ་མྱེད་པར་ཡང་བྱའོ།། བརྐམ་པ་མྱེད་ཅིང་རོ་རྣམས་ལ་ཆུམས་པ་མྱེད་པ་དང་། ཆོས་གོས་ལ་ཡང
178a4 ཚོད་ཟིན་པར་ཡང་བྱའོ།། ལྷུང་ཟེད་ལ་ཚོད་ཟིན་པར་ཡང་བྱའོ།། དེས་ཁ་ཟས་ཡོག་ཅད་ཀྱིས་བཟའ་བར་ཡང་མྱི་བྱ་སྟེ། ལྟོ་མྱི་བཀྲེས་ཙམ་དུ་ཁ་ཟས་བསྙུང་བར་དེས་བསླབ་པར་བྱའོ།། དེས་ཁ་ཟས་ལ
178a5 རྟག་ཏུ་རྒྱུན་མྱི་འཆད་པར་མྱི་གཙང་བའི་འདུ་ཤེས་བསྐྱེད་པར་བྱ་སྟེ། འདི་ལྟ་སྟེ། ཕྱིས་དང་། གཅིན་གྱི་འདུ་ཤེས་དང་། རྣག་གི་འདུ་ཤེས། དང་། བསྐྱུགས་པའི་འདུ་ཤེས་དང་། མྱི་གཙང་བའི་འདུ་ཤེས་དང་།
178a6 རྨ་རྐུ་བ་ལྟ་བུའི་འདུ་ཤེས་དང་། སྨད་པའི་འདུ་ཤེས་དང་། མྱི་འཐུན་པའི་འདུ་ཤེས་དང་། བུའི་ཤ་ལྟ་བུའི་འདུ་ཤེས་དང་། དོར་བའི་འདུ་ཤེས་དང་། སྤང་བའི་འདུ་ཤེས་དང་། དྲི་མྱི་ཞིམ་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། དེས་དེ
178a7 ལྟ་བུའི་ཚུལ་དུ་བཟའ་ཞིང་ཚོད་རིག་པར་བྱའོ།། དེས་ཆགས་པ་མྱེད་པ་དང་། སྡང་བ་མྱེད་པ་དང་། རྨོངས་པ་དང་། རྟག་ཏུ་དབེན་པ་མངོན་པར་དཀའ་བར་བྲེ་མོ་གཏམ་ལ་དགའ་བར་མྱི་བྱའོ།། རི་དགས་འཆི་བ་ལྟ་བུར་དང་དུ་ཐཱ
178a8 བར་བྱའོ།། དབེན་པར་བྱའོ།། དབེན་པ་ལ་མངོན་པར་དགའ་བར་བྱའོ།། དབེན་པ་ལ་མངོན་པར་དགའ་ཞིང་མོས་པ་དང་། བཟོད་པ་དང་ལྡན་པར་བྱའོ།། ངེས་པ་དང་འགྲོགས་ན་བདེ་བར་བྱའོ།། འཇིག་རྟེན་ཀ་གཏམ་ལ་མྱཾ
178a9 བརྟེན་པར་བྱའོ།། ཉོ་ཚོང་སྤྱོད་པ་སྤང་བར་བྱའོ།། སྨན་སྤྱད་ལ་དགའ་བ་དང་ཕྲིན་པ་ལ་དགའ་བ་དང་། ཁྱིམ་གྱི་བྱ་བ་དང་འབྲེལ་བར་མྱི་བྱའོ།། འདུག་པ་དང་། འགྲེང་བ་དང་། འཆག་པ་དང་། ཉལ་བ་ལ་མཁས་པར་བྱའོ།།