| e-texts navigator |
| Wylie |
177a1 ཡོངས་སུ་འཛིནད་པ་ཡིན་པའི་ཕྱིར་རོ།། དེ་ནས་ཚེ་དང་ལྡན་པ་ཀུན་དཀའོ་དུས་ཏེ་མཆི་མ་ཕྱིས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ
177a2 མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་རྩེ་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་དང་། ལྷ་དང་མྱི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
177a3 རྫོགས་པའི་སངས་རྒྱས་བསྐལ་པ་འམ།། བསྐལ་པ་ལས་ལྷག་པརཱ་ཞུགས་སུ་གསོལ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལྡ་པ།། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་ཅིག། སྨེ་སྔགས་མ་འདོན་ཅིག། ཀུན
177a4 དགའ་བོ་ཁྱོད་ཡུན་ཇི་སྲིད་དུ་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། སྟོནད་པར་བྱེད་པ་དེ་སྲིད་དུ་སངས་རྒྱས་མཐོང་བ་དང་། བྲལ་བར་མྱི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན
177a5 གཤེགས་པ་ནི་གཟུགས་དང་། མཚན་དང་། དཔེ་བྱད་དུ་བལྟ་བ། མ་ཡིན་ཏེ། ཀུན་དགའ་བོ་ཇི་སྲིད་དུ་ཇི་སྐད་བསྟན་པའི་ཆོས་ཀྱི་རྣ།། མ་གྲངས་འདི་ལྟ་བུ་འདི་དག་མཐོང་པ་དེ་ཉིད་སངས་རྒྱས་མཐོང
177a6 བ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་འོདི་སྐད་ཅེས་བཀའ་སྩལ་ནས།། འཇམ་དཔལ་གཞོ་ནུར་གྱུར་ད་པ་དང་། བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུ་དང་། ཚན་པོ་ཆེ་ཆེན་པོ
177a7 དྲི་མ་མྱེད་པའི་གཟི་བརྗིད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་འདུན་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷའི་བུ་མང་པོ་དེ་དག་དང་། ལྷ་དང་མྱི་དང
177a8 ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྲེད་ཀྱི་བུས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།།
177a9 རྒྱ་གར་གི་མཁན་པོ་པྲད་ཉ་བར་མ་དང་། ཤི་ལེན་དྲ་བོ་དེ་དང་། ཞུ་ཆེན་གི་ལོ་ཙ་བ་བན་ཏེ་ཡེ་ཤེས་སྡེ་ལས་བསྩོགས་པ། བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།