| e-texts navigator |
| Wylie |
174'a1 སེམས་དཔའ་སྲེད་མྱེད་ཀྱི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བྱམས་པ་ལ་གནས་པ་ཡིན། ཇི་ལྟར་ན་སྙིང་རྗེ་ལ་གནས་པ་ཡིན། ཇི་ལྟར་ན་དགའ་བ་ལ་གནས་པ
174'a2 ཡིན། ཇི་ལྟར་ན་བཏང་སྙོམས་ལ་གནས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། སྲེད་མྱེད་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་ལྟར་གནས་པར་བྱེད་དོ།། བདག་གིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ་སྟེ
174'a3 དུ་སེམས་ན་བྱམས་པ་ལ་གནས་པ་ཡིན་ནོ།། བདག་གིས་སེམས་ཅན་ཐམས་ཅད་དགྲོལ་བར་བྱའོ་སྙམ་དུ་སེམས་ན་སྙིང་རྗེ་ལ་གནས་པ་ཡིན་ནོ།། བདག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣཾས
174'a4 ལ་དགོད་པར་བྱའོ་སྙམ་དུ་སེམས་ན་དགའ་བ་ལ་གནས་པ་ཡིན་ནོ།། བདག་ཀྱིས་སེམས་ཅན་ཐམས་ཅད་འཇིག་རྟེན་གི་ཆོས་རྣམས་ལས་རྣམ་པར་གྲོལ་བར་བྱའོ་སྙམ་དུ་སེམས་ཏེ། གལ་ཏེ་བྱང་ཆུབ་སེམས
174'a5 དཔའ་དེ་ལྟར་གནས་ན། བཏང་སྙོམས་པ་ཡིན་ནོ།། སྲེད་མྱེ། ད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་ཚེ། ཆོས་ཀྱི་དབྱིངས་སྟོང་པ་ལ་མོས་པ་དེའི་ཚེ། བྱམས་པ་ལ་གནས་པ
174'a6 ཡིན་ནོ།། གང་གི་ཚེ་ཆོས་ཐམས་ཅད་ལ་དབེན་པ་ལ་མོས་པ་དེའི་ཚེ། སྙིང་རྗེ་ལ་གནས་པ་ཡིན་ནོ།། གང་གི་ཚེ་ཆོས་ཐམས་ཅད་ཆགས་པ་མྱེད་པ་དང་། བཅིངས་པ་མྱེད་པ་དང་། གྲོལ་བ་མྱེད
174'a7 པར་མོས་པ་དེའི་ཚེ། དགའ་བ་ལ་གནས་པ་ཡིན་ནོ།། གང་གི་ཚེ་ཆོས་ཐམས་ཅད་སོང་བ་མྱེད་པ་དང་། འོངས་པ་མྱེད་པ་ལ་མོས་པ་དེའི་ཚེ། གཏང་སྙོམས་ལ་གནས་པ་ཡིན་ཏེ། སྲེད་མྱེད་ཀྱི་བུ་དེ་ལྟར་ན།
174'a8 བྱང་ཆུབ་སེམས་དཔའ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པ་ཡིན་ནོ།། སྲེད་མྱེད་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་ཚེ། ཆོས་བདག་མྱེད་པས་མྱི་སྐྲག་པ་དེའི
174'a9 ཚེ། བྱམས་པ་ལ་གནས་པ་ཡིན་ནོ།། གང་གི་ཚེ་སེམས་ཅན་ཐམས་ཅད་དབེན་པས་མྱི་སྐྲག་པ་དེའི་ཚེ། སྙིང་རྗེ་ལ་གནས་པའོ།། གང་གི་ཚེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པའི་ཆོས་ཉིད་ཀྱིས