e-texts navigator
Collection
Volume
Page
Wylie

173b1 སྲེད་མྱེད་ཀྱི་བུ་བཞི་པོ་དེ་དག་ལ་སྦྱོར་བར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས། འཇམ་དཔལ་གཞོ་ནུར་གྱུརྡ་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བསོད་ནམས་ཐམས་ཅད་བསྡུས
173b2 བའི་ཏིང་ངེ་འཛིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་འམ་རབ་ཏུ་བྱུང་བ་ཇི་ལྟ་བུ་དག་གི་ལག་དུ་འོང་བར་འགྱུར། གླེགས་བམ་དུ་བྱེད་པའམ། ཁ་ཏོན་དུ་བྱེད་པའམ། ངེས་པར་སེམས་དཔའ
173b3 བཟོད་པ་དང་ལྡན་པར་འགྱུར།། འཇམ་དཔལ་གྱིས་སྨྲས་པ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གི་རྣ་ལམ་དུ་ཐ་ན་ཏིང་ངེ་འཛིན་འདི་གྲག་པར་འགྱུར་བ་འམ། ལག་དུ་འོང་བ་འམ
173b4 གླེགས་བམ་དུ་བྱེད་པ་འམ། ཁ་ཏོན་དུ་བྱེད་ལ་དེ་ཡང་སྤོང་བར་མྱི་བྱེད་པ་དེ་དག་ནི་ཁྱིམ་ན་གནས་པ་ཞེས་ང་མྱི་སྨྲ་སྟེ། དེ་དག་ནི་རབ་ཏུ་བྱུང་བ་ཁོ་ན་ཡིན་པར་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན།
173b5 འདི་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བརྩོམ་འགྲུས་ཀྱིས་ནི་འདུ་ཤེས་ཐམས་ཅད་དང་བྲ། ལ་བར་འགྱུར་ཏེ། གནས་པ་གང་དང་གང་གྱིས་གནས་པ་དེ་དང
173b6 དེས་བསོད་ནམས་དང་། ཡེ་ཤེས་མྱི་ཟད་པ་ཐམས་ཅད་མྱི་སྤོང་ངོ་།། སྲེད་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྐྱེ་ན་བར་བྱ་བའི་ཕྱིར་ཁ་དོག་དང་། གཟུགས་སྣ་ཚོགས་སྟོདང་ཏོ།།
173b7 སྲེད་མྱེད་ཀྱི་བུ་གཞན་ཡང་དེ་དག་ནི་ཐམས་ཅད་དུ་འབྲེལ་ལ། ཐམས་ཅད་དུ་ཡང་མ་གཏོགས་ཏེ། སྲེད་མྱེད་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ཟླ་བ་དང་། ཉི་མ་འདི་གཉིས་ནི་ཐམས་ཅད་དུ་འབྲེལ་ཏེ། གླིང་བཞི་པོ་དག་དུ་ཡང
173b8 རྒྱུ་ལ། ཐམས་ཅད་དུ་ཡང་མ་གཏོགས་པ་དེ་བཞིན་དུ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི། སྤྱོད་པ་ཐམས་ཅད་ལ་མྱི་རྟེན་ལ། ཁྱིམ་གྱིས་ན་གནས་པ་ཡང་མ་ཡིན། ཁྱིམ་གྱི་ཆོས་ལ་ཡང་མྱི་རྟེན
173b9 རབ་ཏུ་བྱུང་བ་ཡང་མ་ཡིན། རབ་ཏུ་བྱུང་བ་ལ་ཡང་མྱི་གནས། དགེ་སྦྱོང་གི་ཆོས་ལ་མྱི་རྟེན་ཏེ། དེ་དག་ནི་གཉི་གའི་ཕྱོགས་སུ་བརྗོད་དུ་མྱེད་པའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ནི་སྐྱེ་བའི་གནས




iiif viewer powered by OpenSeadragon

173a - 174a

Texts on this page

Ng6.4 - 'phags pa bsod nams thams cad bsdus pa'i ting nge 'dzin zhes bya ba theg pa chen po'i mdo