| e-texts navigator |
| Wylie |
173a1 སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རིན་པོ་ཆེ་འདི་ཐོབ་པར་འདོད་པས་ནི། བསོད་ནམས་མྱི་ཟད་པ་དང་། ཚད་མྱེད་པ་རྣམ་པ་བཞིས་སྐྲག་པར་མྱི་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན
173a2 ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཚད་མྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཚད་མྱེད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཚད་མྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཚད་མྱེད་པ་སྟེ། སྲེད་མྱེད་ཀྱི
173a3 བུ་བཞི་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སྐྲག་པར་མྱི་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསམ་གྱིས་མྱི་ཁྱབ་པ་བཞི་ལ་མོས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལས་རྣམས་ཀྱི
173a4 རྣམ་པར་སྨྱིན་པ་བསམ་གྱིས་མྱི་ཁྱབ་པ་དང་། སེམས་ཅན་རྣམས་ཀྱི་སྤྱོད་པའི་ཡུལ་ཐ་དད་པ་བསམ་གྱིས་མྱི་ཁྱབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་ཐ་དད་པ་བསམ་གྱིས
173a5 མྱི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བར་སྐྱེ་བ་ཡོངས་སུ་དག་པའི་ཡུལ་བསམ་གྱིས་མྱི་ཁྱབ་པ་སྟེ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསམ
173a6 གྱིས་མྱི་ཁྱབ་པ་བཞི་པོ་དེ་དག་ལ་མོས་པར་བྱའོ།། རིགས་ཀྱི་བུ་དེ་ལྟར་མོས་པའི་བྱང་ཆུབ་སེམས་དཔའ་ནི་མྱི་ཟད་པ་བཞི་ཐོ་བ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་མྱི
173a7 ཟད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པར་མྱི་ཟད་པ་དང་། ཐོགས་པ་མྱེད་པའི་སྤོབས་པ་མྱི་ཟད་པ་དང་། བསོད་ནམས་དང་། ཡེ་ཤེས་མྱི་ཟད་པ་སྟེ། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའས་མྱི་ཟད
173a8 པ་བཞི་པོ་དེ་དག་ཐོབ་པར་གྱུར་ད་ཏོ།། སྲེད་མྱེད་ཀྱི་བུ་བྱང་ཆུབ་སེམས་དཔའས་ཆོས་བཞི་ལ་སྦྱོར་བར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་རྩ་བ་ཚོགས་ཀྱིས་ཆོག་མྱི་ཤེས་པ་དང་། ཆོས་སྟོན
173a9 པས་ཆོག་མྱི་ཤེས་པ་དང་། ཡོངས་སུ་བསྔོ་བ་ཤིན་ཏུ་རྫོགས་པ་ལ་མཁས་པས་ཆོག་མྱི་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་ཡོན་ཏན་ཐམས་ཅད་བདག་གི་ཞིང་དུ་འཇུག་པར་བྱ་བ་ཆོག་མྱི་ཤེས་པ་སྟེ།