e-texts navigator
Collection
Volume
Page
Wylie

170a1 སེམས་དཔས་ནི་སེམས་ཅན་ཐམས་ཅད་ཀྱིས་བསྟེན་པའི་འོས་སུ་གྱུར་ད་པས་བརྒྱ་བྱིན་ལྟ་བུར་བྱའོ།། བྱང་ཆུབ་སེམས་དཔས་ནི་ཆོས་ཐམས་ཅད་བདག་པོ་བྱེད་པས་ཚངས་པ་ལྟ་བུར་བྱའོ།།
170a2 བྱང་ཆུབ་སེམས་དཔས་ནི་གཏན་དུ་བདེ་བའི་མྱ་ངན་ལས་འདས་པ་ལ་དགོད་པས་སེམས་ཅན་གྱི་བདེ་བ་བསྒྲུབ་པར་བྱའོ།། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ལ་ཕན་པ་དང་བདེ་བའི་དངོས་པོ་བསྟབས་པས
170a3 ཕ་མ་དང་འདྲ་བར་བྱའོ།། བྱང་ཆུབ་སེམས་དཔའ་ནི་དགེ་བ་དང་མྱི་དགེ་བའི་ཆོས་ཐམས་ཅད་ཀྱིས་མ་ཉམས་མ་སྨྲས་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་མཛའ་བཤེས་དང་དགྲ་རྣམས་ལ་སེམས་སྙོམས
170a4 པས་ཞེས་འགྲས་པ་མྱེད་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་སྐྱེ་བའི་གནས་ཐམས་ཅད་ལ་ཡིད་བརྟན་པར་མྱི་བྱའོ།། བྱང་ཆུབ་སྟེ་མས་དཔས་ནི་ལྷག་པར་གཏོང་བས་ཆོས་ཀྱི་སྦྱིན་བདག་བྱའོ།།
170a5 བྱང་ཆུབ་སེམས་དཔས་ནི་བག་ཡོད་པས་རྒྱགས་པ་དང་། བག་མྱེད་པ་ཐམས་ཅད་དང་བྲལ་བར་བྱའོ།། འཇམ་དཔལ་བྱང་ཆུབ། སེམས་དཔའ་ས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཚོལ་བ་དང
170a6 སྤྱོད་པ་དང་། སྡོམ་པ་དང་། བསླབ་པ་དང་། བརྩོན་འགྲུས་རྣམས་ལ་བག་ཡོད་པས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ།། དེ་ནས་བཅོམ
170a7 ལྡན་འདས་ཀྱིས་སེམས་དཔའ་རྟག་ཏུ་བརྩོན་པ་བརྟན་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གནས་པ་ལ་མཁས་པ་འདི་ཁྱོད་ཀྱིས
170a8 ལེགས་པར་སྨྲས་སོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས་ནི་བསོད་ནམས་མ་ཡིན་པ་ཐམས་ཅད་དང་བྲལ་བར
170a9 བྱ་བ་དང་། བསོད་ནམས་ཐམས་ཅད་ཡོངས་སུ་གཟུང་བ་ལ་བརྩོན་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྲེད་མྱེད་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསོད་ནས




iiif viewer powered by OpenSeadragon

169b - 170b

Texts on this page

Ng6.4 - 'phags pa bsod nams thams cad bsdus pa'i ting nge 'dzin zhes bya ba theg pa chen po'i mdo