| e-texts navigator |
| Wylie |
169a1 མྱི་འཕྲོགས་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་རིགས་མྱི་འཆད་པར་བྱ་བའི་ཕྱིར་དམ་བཅས་པ་ལ་བརྟན་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་ལུས་དང་ངག་དང་ཡིད་དང་།
169a2 པོས་ཡོངས་སུ་དག་པས།། གཡོ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ།། བྱང་ཆུབ་སེམས་དཔས་ནི་སེམས་ཅན་བསྐྱབས་སུ་འོངས་པ་ཡོངས་སུ་བསྐྱབ་པའི་ཕྱིར་ཤིན་ཏུ་དཀར་བའི་ཕྱོགས་གཅིག་ཏུ་ངེས་པར་བྱའོ།།
169a3 བྱང་ཆུབ་སེམས་དཔས་ནི་ལུས་དང་སྲོག་ལ་མ་ཆགས་པས་མྱི་ལྟ་བར་བྱའོ།། བྱང་ཆུབ་སེམས་དཔའ་ནི་ཚུར་ཤོག་འོངས་པ་ལེགས་སོ་ཞེས་སྨྲ་བས་འཇམ་པོར་བྱའོ།། བྱང་ཆུབ་སེམས་དཔས་ནི་ཁྲོ་གཉེར་མྱེད
169a4 བཞིན་གྱིས་ཡོངས་སོང་པོར་སྨྲ་བར་བྱའོ།། བྱང་ཆུབ་སེམས་དཔས་ནི་རྗེས་སུ་ཆགས་པ་དང་།། ཁོང་འཁྲོ་བ་མྱེད་པས་ས་དང་འདྲ་བར་བྱའོ།། བྱང་ཆུབ་སེམས་དཔས་ནི་འགྲོགས་ན་བདེ་བས
169a5 ངེས་པར་བྱའོ།། བྱང་ཆུབ་སེས་དཔས་ནི་མཐུན་པ་འཛིན་པས་བཀའ། བློ་བདེ་བར་བྱའོ།། བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམ། ས་ཅད་ལ་འདུད་པས་ང་རྒྱལ་གཞོམ་པར་བྱའོ།། བྱང་ཆུབ་སེཾས
169a6 དཔས་ནི་ང་རྒྱལ་བཅག་པས་ཁྱི་དང་འདྲ་བར་བྱའོ།། བྱང་ཆུབ་སེ་མས་དཔས་ནི་སྔོན་བཅས་པ་ཉམས་སུ་ལོན་པར་བྱེད་པས་བསླུ་བ་མྱེད་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས
169a7 ཅད་ལ་སེམས་སྙོམས་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་འབྱུང་པོ་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱའོ།། བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་མངོན་པར་བརྩོན་པས་སྙིང་རྗེ།
169a8 ཆེན་པོ་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་ཆོས་དང་། དགེ་བའི་བརྩ་བ་ཐམས་ཅད་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པས་དགའ་བར་བྱའོ།། བྱང་ཆུབ་སེམས་དཔས་ནི་འདོད
169a9 པའི་ཡོན་ཏན་གི་དགའ་བ་དང་། རྩེ་བ་ཐམས་ཅད་ལ་མྱི་ལྟ་བས་གཏང་སྙོམས་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔའས་ནི་རང་གི་ལུས་དང་སྲོག་ཡོངས་སུ་གཏང་བས་སེར་སྣ་མྱེད་པར་བྱའོ།། བྱང་ཆུབ