e-texts navigator
Collection
Volume
Page
Wylie

168b1 གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཐོས་པ་ལ་གནས་པའི་རྙེད་པ་གཅིག་གཅིག་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྔོས་པས་ནི་ཆེས་ཡིད་རངས་པར་འགྱུར་ལ། ནོར་གྱི་ཕུང་པོ་དཔག་ཏུ་མྱེད་པས་ནི། དེ་ལྟ་མ་ཡིན་པ
168b2 དང་། ཐམས་ཅད་མཁྱེནད་པ་ཉིད་ཀྱི་སེམས་ཀྱིས་ཆེས་ཡིད་རངས་པར་འགྱུར་ལ།། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བས་ནི།། དེ་ལྟ་མ་ཡིན་པ་དང་། དགེ་བའི
168b3 རྩ་བ་གཅིག་གཅིག་སེམས་ཀྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ། བྱང་ཆུབ་ཏུ་མྱིགས་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་ཡོངས་སུ་བསྔོས་པས་ནི།། ཆེས་ཡིད་རངས་པར་འགྱུར་ལ། རྙེད་པ་དང་།
168b4 བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་ཀྱིས་ནི་ཡིད་རངས་པར་མྱི་འགྱུར་ཏེ། དེ་ལྟར་སྤྱོད་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བ་བྱས་པ་ཡིན་པར་རིག་པར་བྱའོ།། འཇམ་དཔལ་གཞན་ཡང་བྱང་ཆུབ་སེཾས
168b5 དཔས་ནི་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་རྟག་ཏུ་བརྩོན་པར་བྱའོ།། བྱང་ཆུབ་སེམས་དཔའ་ནི་ཐོས་པ་མང་པོ་བཙལ་བར་ཕྱིར། མཐུ་རྩལ་བརྟན་པར་བྱའོ།། བྱང་ཆུབ་སེམས་དཔའ
168b6 ནི་ཡན་ལག་དང་ཉིང་ལག་ཡོངས་སུ་བཏང་བས་མཐུ་དང་ལྡན་པར་འགྱུ་ར་རོ།། བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གི་ཆོས་རྫས་དང་དུ་ལེན་པར་སྤྲོ་བར་བྱའོ།། བྱང་ཆུབ་སེམས་དཔའས་ནི་སྲོག་གི་ཕྱིར
168b7 ཡང་བསླབ་པ་ཡོངས་སུ་མྱི་བཏང་བས་སྤྱོད་པ་ལ་བློ་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་ངན་དུ་སྨྲ་བའི་ཚིག་དང་དུ་ལེན་པའི་ངང་ཅན་གྱིས་བཟོད་པའི་སྤོ་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི
168b8 ཞིང་ཡོངས་སུ་དག་པ་ཡོངས་སུ་གཟུང་བས་ལེ་ལོ་མྱེད་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་བྱང་ཆུབ་ཀྱི་སེམས་དང་མྱི་བྲལ་བས་རྩེ་གཅིག་ཏུ་བྱའོ།། བྱང་ཆུབ་སེམས་དཔས་ནི་ཕ་རོལ་ཏུ་ཕྱིནད་པ་དྲུག་ཡོངས་སུ་བཙལ
168b9 ཁས་བྱང་ཆུབ་ཀྱི་སེམས་མྱི་བརྗེད་པར་བྱའོ།། བྱང་ཆུབ་སེམས་དཔས་ནི་རང་གི་དོན་ལ་བརྩོན་པ་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱི་བཏང་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསྐབས་དབྱེ་བའི་ཕྱིར




iiif viewer powered by OpenSeadragon

168a - 169a

Texts on this page

Ng6.4 - 'phags pa bsod nams thams cad bsdus pa'i ting nge 'dzin zhes bya ba theg pa chen po'i mdo