| e-texts navigator |
| Wylie |
128a1 སྙོམས་པར་འཇུག་པ་ཐམས་ཅད་ལ་མྱི་གནས་པས་མ་བསྟན་པའི་བསམ་གཏན་དང་ལྡན་པ་དང་།། ལྟ་བ་ཐམས་ཅད་དང་བྲལ་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པས་མ་བསྟན
128a2 པའི་ཤེས་རབ་དང་ལྡན་པ་དང་། སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་བསྡུ་བ་ལ་ཤི་ནད་ཏུ་བརྩོན་པས། བསྡུ་བ་ཤིན་ཏུ་བསྡུས་པ་དང་། ལྷ་དང་མྱིའི་སྐྱེ་བ་ཐམས་ཅད་ལ་མྱི་རྟག་པར་ཡིད་ལ་བགྱི་བ་ལ་བརྩོན
128a3 པས་རེ་བ་མ་མཆིས་པ་དང་། ཐམས་ཅད་མཁྱེནད་པ་ཉིད་ལ་སེམས་ལ་ལེགས་པར་གནས་ཤིང་།། ཉན་ཐོས་དང་། རང་སངས་རྒྱས་འདོད་པ་དང་བྲལ་པོས་སྒོའི་ཐིམ་པའི་རྟེན་ལྟ་བུ་དང་། ཆོས་ཀྱི་དབང་དུ
128a4 བགྱིད་ཀྱི་འདོད་པའི་དབང་དུ་མྱི་བགྱིད་པ་དང་། ཆོས་ཀྱི་རྒྱལ་སྲིད་དོན་ཏུ་གཉེར་བར་བགྱིད་ཀྱི། ལྷ་དང་མྱིའི་རྒྱལ་སྲིད་དོན་དུ་གཉེར་བ་དང་། སངས་རྒྱས་ཀྱི་གནང་བའི་ཚིག་དང་ལྡན་པའི་ཆོས་སྨྲ་བར་འགྱུར་བ་དང
128a5 ཆོས་ཀྱིས་ཚོལ་བར་འགྱུར་གྱི།། ཟང་ཟིང་གྱིས་མྱི་འཚོ་བ་དང་།། ཡོངས་སུ་འཛིནད་པ་ཐམས་ཅད་ལ་འདོད་ཆགས་དང་བྲལ་བར། འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མ་མཆིས
128a6 པའི་སེམས་དང་ལྡན་པས་ཞེ་སྡང་དང་བྲལ་བར་འགྱུར་བ་དང་། ཆོས་ཐམས་ཅད་ལ་གཏི་མུག་གི་མུན་པ་དང་། བྲལ་བས་གཏི་མུག་དེ་ང་བྲལ་བར་འགྱུར་བ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བས།
128a7 བདུད་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བ་དང་། སྒོ་ཐམས་ཅད་ནས་ཡོངས་སུ་སྔོ་བ་ལ་མཁས་པ། ཐབས་ལ་མཁས་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདྲ་ཉིས
128a8 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གི་བདག་པོ་སྲེད་མྱེད་ཀྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ད་ཏོ།། སྲེད་མྱེད་ཀྱི་བུ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་བྱང་ཆུབ
128a9 སེམས་དཔའ་རྣམས་ཀྱི་ཕྱིར་དོན་འདྲི་བར་སེམས་དཔའ་ནི་སྲིད་མྱེད་ཀྱི་བུ་ཁྱོད་ལེགས་སོ།། སྲེད་མྱེད་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།