| e-texts navigator |
| Wylie |
270b1 སྐྱེ་བ་འམ། དེ་བཞིན་དུ་རྩི་དང་། དུད་འགྲོ་དང་། ཡི་དགས་དང་། དམྱལ་བ་རྣམས་མེ་འཕོས་ན་ཡང་། ལྷ་ལས་སོགས་པ་གཞན་རྣམས་སུ་ཡང་སྐྱེ་བར་འགྱུར།། བཅོམ་ལྡན་འདས་གཞན་སེམས་ཅན་ཐམས་ཅད་འདི་ནས་ཆེ་འཕོས
270b2 ནས། ཡེ་མྱེད་པར་གྱུར་ཏེ། མྱེ་ཤི་བའི་ཐལ་བ་བཞིན་དུ་གྱུར་ནས། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་འདི་ནས་ཆེ་འཕོས་ནས། པ་དང་མེས་པོ་དང་། ཡང་མེས་ལས་སྩོགས་པ་ཐོག་མ་དང་པོ་ནས་གཟུང་བའི་བར།
270b3 དུ་རྒྱུད་པའི་རིགས་མཐུན་པ་རྣམས་འཇིག་རྟེན་ཕ་རོལ་ཏུ་སྐྱེ་བ་མྱི་ལེན་པར། འདིར་མི་སྤྱོད་པ་བཞིན་འགྲོགས་ཏེ། གནས་སོ་ཞེས་འཇིག་རྟེན་པའི་མཆིན་དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་འདི་ནི་ཕྱུག་དྲེགས་རྒྱགས་པ
270b4 རྣམས་ཕ་རོལ་ཏུ་ཡང་ཕྱུག་དྲེགས་རྒྱགས་པར་འགྱུར་རམ། འདི་ན་བུལ་རྒུད་ཉམས་ཆུང་བ་རྣམས། ཕ་རོལ་དུ་ཡང་དབུལ་རྒུད་ཉམས་ཆུང་བར་འ་གྱུར་རམ།། འོན་ཏེ་དེ་གཉིས་མྱི་འདྲ་བར་ཕན་ཚུན་སྣོལ་བར་འགྱུར།། བཅོམ།
270b5 དྲད་དས་གནནས་པ་འདི་མན་དང་གླང་པོ་ཆེ་ལས་སོགས་པ་བཞོན་པ་དང་། འདི་ནི་གོས་གྱོད་པ་དང་། རྒྱན་ཐོགས་པ་དང་། འདིན་པས་པ་ཟའ་བ་དང་། འདུང་བ་དང་ལྡན་པ་རྣམས། ཤི་འཕོས་ནས་མ་རོལ་ཏུ
270b6 ཡང་དེ་བཞིན་དུ་ཞོན་པ་དང་། གྱོན་པ་དང་། ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ། བཅོམ་ལྡན་འདས་ཀ། ཞན་ཡང་འདི་ནས་ཤི་འཕོས་ནས། ཕ་མ་འམ། སྤུན་ནམ། བུ་ལས།
270b7 སྩོགས་པ་ཉེ་རིང་རྣམས་ཀྱིས་བཟའ་བ་དང་། བཏུང་བ་དང་། བཏུང་བ་ཉུང་ངུ་ཉུང་ངུར་གཏད་པ་དང་། བསྔོས་པ་ཡང་བསྐལ་པ་མང་པོའི་བར་དུ་ཟད་པར་མྱི་འགྱུར་བར་བྱ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས
270b8 སམ། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་འདི་ནས་ཚེ་འཕོས་པ་ན།། ཕ་མ་འམ། སྤུན་ནམ། བུ་ལས་སྩོགས་པ་ལ་གཏམས་ཏེ་ཚིག་ཅི་སྨྲས་པ་དང་། གཟུགས་བྱེད་མི་འདྲ་བ་དག་ཆེ་འཕོས་ནས་ཕྱིས་པ་མ་འམ
270b9 སྤུན་ནམ། བུ་ལས་སྩོགས་པ་སྔོན་ཆེམ་འཕོས་པའི་དུས་ན་གཏམ་བྱས་པ་ལས་སྩོགས་པ་སྨྲ་བ་དང་། གཟུགས་བྱང་དག་སྟོན་ཏེ། མཐོང་བ་དང་ཐོས་པ་ཡོད་ཅེས་འཇིག་རྟེན་པ་དག་མཆིན། དེ་ལྟར་ལགས་སམ། དེ་སྐད