| e-texts navigator |
| Wylie |
269b1 གིས།། སངས་རྒྱས་བྱང་ཆུབ་བྱི་བསྲགས་པ།། བྱ་བ་ཆུབ་སྤྱད་པ་སྤྱོད་བགྱིད་ཅིང་།། དེ་དག་རྗེས་སུ་བསྲབ་པར་བགྱི།། སེངས་བཅོམ་ལྡན་འདས་ཀྱིས།། དེའི་མི་ཚོགས་སུ་བཅད་པ་འདི་དག་གསུངས་སོ།། གང་དག་འཇིག་རྟེན་མཚོན
269b2 རྣམས་ཀྱི།། མཚན་འདི་དག་ནི་འཛིན་བྱེད་པ།། དེ་ལ་མེ་དང་རྐུན་པོ་དང་།། དུག་དང་མཚོན་གྱིས་མྱི་ཚུགས་སོ།། སྐྱོབ་པ་རྣམས་ཀྱིས་མཚན་འཛིན་པ།། དེའི་ལུས་ནི་ཞུམ་མྱི་འགྱུར།། རྒྱལ་པོ་སྡུག་བསྔལ་ཡོད་མྱི་བྱེད།། མྱུར་དུ
269b3 བྱང་ཆུབ་འཚང་ཡང་རྒྱ། གང་ཞིག་ཕྱི་མའི་དུས་ཀྱི་ཚེ།། མདོ་སྡེའི་དཀོན་མཆོག་འདི་འཛིན་པ།། འདི་ནས་ཤི་འཕོས་ཏེ་མྱུར་དུ།། འཇིག་རྟེན་གྱི་ནི་འདྲེན་པར་འགྱུར།། ལ་ལས་སངས་རྒྱས་ཐམས་ཅད་ལ།། མེ་ཏོག་སྤོས་ཀྱིས
269b4 མཆོད་པ་བས།། མྱི་གང་ཆོས་ཀྱི་རྣམ་གྲངས་འདི།། བྲིས་ནས་ཀློག་པར་བྱེད་པ་དེ།། བསོད་ནམས་དེ་བས་ཆེས་མང་སྟེ། དེ་ལ་ཚད་ནི་ཡོད་མ་ཡིན།། མདོ་འདི་གང་གིས་བླགས་པ་ནི།། སངས་རྒྱས་ཀུན་ཀྱིས་རབ་ཏུ
269b5 མཁྱེན།། ཀང་ཀིས་ཞིང་རྣམས་ཡོད་དོ་ཆོག། རིན་པོ་ཆེས་ནི་གང་། བྱས་ཏེ།། སངས་རྒྱས་ཀུན་ལ་ཕུལ་བ་དང་།། མཆོག་ཏུ་དཀའ་བ་སྐྱེ་ས་པ་བས།། གང་ཞིག་འདི་འདྲའི་མདོ་འཛིན་པ།། དེ་བས་བསོད
269b6 ནམས་ཆེས་མང་ངོ་།། སངས་རྒྱས་ཀྱི་ཞིང་གི་ཡོན་ཡོངས་སུ་བརྗོད་པ་འོ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སེམས་ཅན་བྱེ་བ་ཁྲག་ཁྲིག་པ་རྒྱ་སྟོང་དཔག་ཏུ་མྱེད། གྲངས་མྱེད་པ་ཞིག་ན། བྲན་མྱེད་པ་ཡང་དག
269b7 པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། སེམས་ཅན་དཔག་ཏུ་མྱེད་གྲངས་མྱེད་པ་ཞིག་ནི། མྱི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པར་གྱུར་ཏོ།།
269b8 བཅོམ་ལྡན་འདས་དགེས་ཤིང་དེ་སྐད་ཅེས་བཀའ་སྩལ་ཏོ།། གཟུགས་ཅན་སྙིང་པོའི་བུ་ཁྱེའུ་རིན་ཅེན་ཟླ་བས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ།། འཕགས་པ་ཁྱེའུ་རིན་ཅེན་ཟླ་བས་ཞུས་པ་ཞེས་བྱ་བ
269b9 ཐེས་པ་ཆེན་པོའི་མདོར།། རྫོགས་སྷོ།། ། བོད་སྐད་དུ། ཆེ་འཕོ་བ་ཇི་ལྟར་འགྱུར་བ་ཞུས་པའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད