| e-texts navigator |
| Wylie |
174a1 ཧཱ། 5། སྣའི་སེམས་དང་བསམ་བཞིན་ཚིམ་པར་མཛད།། ཆོས་འདི་ཐམས་ཅད་སུ་དང་རྐྱེན་ལས་སྐྱེས་པ་སྟེ། བྱོད་མྱེད་ངོ་བོ་ཉིད་མྱེད་ཀུན་ཏུ་རྟོག་ལས་སྐྱེས།། བདེ་གཤེགས་དེ་འདྲའི་ཆོས་ཀྱི་ཚུལ་རྣམས་མཁྱེན་ནས་སུ།། བྱང་ཆུབ
174a2 མྱི་འགྱུར་ཞི་བ་བླ་ན་མྱེད་པ་བརྙེས། མཐའ་དང་དེ་བཞིན་དབུས་བཅད་རྣམ་པར་རྟོག་པ་མྱེད།། སྟོང་ཞིང་གསོ་བ་ལ་རང་བཞིན་གསོབ་སྟེ་ཡ་མ་རྠ་ཁྱོད་ཀྱིས་དེ་འདྲའི་ཆོས་ཉིད་རྣམ་དག་མ་ཕྱེ་ནད་ནས་སུ།། འགྲོ་བ་རྣམས་ལ་རྒྱུ་དང་ལས་དང་བྱེད
174a3 པ་སྟོན།། ཆོས་འདི་སེམས་ཅན་མྱེད་ཅིང་སྲོག་དང་ཀང་ཟག་མྱེད།། ནམ་མཁའ་མཚུངས་མཉམ་པས་ན་མྱིང་ཡང་རྣམ་པར་དག། སེམས་ན་དུ་གཉེར་གཤེགས་ཡང་དག་བདག་མྱེད་པ། མྱི་མཆི་འདུས་མ་བྱས་ལ་སེམས་ཅན་མངསད
174a4 མཛད།། བརྩོན་འགྲུས་མཐུ་དང་སྟོབས་ཀྱིས་བྱང་ཆུབ་འདི་ཚོལ་ཕྱིར།། ཁྱོད་ཀྱིས་བསྐལ་པ་བསམ་ཡས་བྱེ་བ་ཕྲག་བརྒྱར་སྤྱད།། སྒྲུབ་པ་མྱེད་པའི་ནན་ཏན་མཚན་ཉིད་བྱང་ཆུབ་སྟེ།། གང་ཕྱིར་སྤྱད་པའི་དོན་དེ་རྗེས་སུ་ཐོབ་པར་གྱུར་དང་།། ཆོས
174a5 རྣམས་མཉམ་པ་ཉིད་ནི་མཉམ་པར་བཞག་མཁྱེན་པས།། བ་དང་འབྲིང་དང་ཐ་མ་དག་ཀྱང་མཉམ་པར་མཁྱེན།། མཉམ་པ་ཉིད་ལ་མཉམ་པ་ཉ། ད་རྟག་ཞུགས་རྣམ་མྱི་རྟོག། དེ་ཕྱིར་རྒྱལ་བ་མཉམ་པར་བཞག་ཅིང་མྱི
174a6 འགྱུར་བ། ཕུང་པོ་ཁམས་དང་དབང་པོ་ཇི་ལྟར་སྒྱུ་མ་བཞིན་འཇིག་རྟེན་གསུམ་པོ་ཆུ་ཟླ་འདྲ་སྟེ་འཕོ་བ་མྱེད།། སེམས་ཅན་རྣམས་ནི་རྨྱི་ལམ་ལྟ་བུར་དངོས་མྱེད་དེ།། མཁྱེན་པས་རྨྱི་ལམ་བཞིན་དུ་རྟོགས་ནས་ཆོས།
174a7 འདི་གསུང་།། བྱང་ཆུབ་མཆོག་རབ་བརྡའི་རང་བཞིན་ཁྱོད་ཀྱི་བརྙེས།། དེ་ནི་ཐོབ་དང་མ་ཐོབ་པ་ཞེས་བརྗོད་དུ་མྱེད།། ཇི་ལྟར་བྱང་ཆུབ་ཁྱོད་ཀྱིས་དེ་བཞིན་འཁོར་ལོ་ཡང་།། ཚུལ་དང་ཚུལ་མྱིན་འཇུག་པའི་མཚན་བྲལ་རབ་ཏུ་བསྐོལ།།
174a8 རྒལ་ནས་སེམས་ཅན་མང་པོ་བསམ་ཡས་རབ་གྲོལ་བ། གྲོལ་ནས་བཅིངས་པའི་ནང་ན་བཅིངས་པ་ཤི་ནང་ཏུ་གྲོས།། ཐེག་ཆེན་བུ་མྱེད་འདི་ལ་འགྲོ་བ་དབུགས་འབྱིནད་ཅིང་།། དེས་བྱིན་མཉམ་པ་བརྙེས་པ་མྱ་ངན་འདས་ལ་གྲོལ།། གང་།
174a9 ནའང་སེམས་ཅན་ནམ་ཡང་མྱ་ངན་འདས་མ་མཆིས།། སེམས་ཅན་གདོད་ནས་རྣམ་དག་སེམས་ཅན་ཉིད་མྱི་སྒྲུབ།། སེམས་ཅན་སྒྱུ་མའི་མཚན་དུ་བྱང་ཆུབ་སངས་རྒྱས་ནས།། འདིའི་མཐའ་རྣམས་སེམས་ཅན་མང་པོ་རྟོགས་པར་མཛད