e-texts navigator
Collection
Volume
Page
Wylie

173a1 མཛེས་པར་འདུག་པ་དང་། སཱ་ལ་དང་། སཱ་ལ་ཆེན་པོ་དང་། སྭ་ལ་རབ་མཛེས་དང་། དྲི་མ་མྱེད་དང་། ཀུན་ཏུ་དྲི་མ་མྱེད་པ་དང་། རྣམ་དག་འོད་དང་། གསེན་དུ་སྣང་བ་དང་། ནམ་མཁར་སྣང་བ་དང་། རེག་གྱུར་ད་དཱ།
173a2 དྲི་ཆེན་དཀར་དང་། འདབ་བརྒྱ་པ་དང་། ཟེ་བ་སྟོང་ལྡན་དང་། མྱི་ངན་སེལ་དང་། དཀའ་བྱེད་དང་། ལྷས་བསྟོད་དང་། ཀླུའི་མེ་ཏོག་དང་། དགའ་བ་དེ་ཀུན་སྐྱེད་དང་། བསམ་གཏན་ཡན་ལག་དང་། དྲིས་དགའ་དང་། སུས་སེམས
173a3 ཚིམ་བྱེད་དང་། སྟོང་གསུམ་དྲི་དང་། ནད་ཀུན་ཞི་བྱེད་དང་། ནད་ཀུན་སེལ་དང་། བདག་གི་གཟི་བརྗིད་ཀྱིས་བརྒྱན་ཅིང་དཔག་ཏུ་མྱེད་པའི་བསོད་ནམས་ཀྱིས་གྲུབ་པ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རེག་པ་དེ་ལྟ་བུའི་མ
173a4 ཏོག་གིས་སྟོང་གསུམ་གི་སྟོང་ཆེན་པོ་ལ་འཇིག་རྟེན་གྱི་ཁམས་འདི་ཀུན་ཏུ་ཁྱེབས་པར་བྱས་པས། བཅོམ་ལྡན་འདས་ཀྱི་འཁོར་ཀྱི་དཀྱིལ་ཐམས་ཅད་དུ་མེ་ཏོག་གིས་པུས་མོ་ནུབ་པ་ཙམ་དུ་གང་བར་གྱུར་ད་ཏོ།། དེ་ན་ཐམས
173a5 ཅད་ལྡན་པའི་འཁོར་དེས་སྔོན་མ་ཐོས་མ་མཐོང་བའི་མེ་ཏོག་མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལ་དེ་ལྟ་བུའི་མེ་ཏོག་བལྟ་ན་སྡུག་པ་འདི་དག་ཀ་ལས་མཆིས། བཅོམ་ལྡན
173a6 འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ། བྱང་ཆུབ་སེམས་དང་ལ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་དེ། བཀོད་པ་ཆེན་པོའི་འཇིག་ཏེ། ན་གྱི་ཁམས་དེ་ནས་འདིར་འོངས་ཏེ། དེ་ནམ་མཁའི་དཀྱིལ་དུ་འདུག
173a7 ནས་འདི་ལྟ་བུའི་མེ་ཏོག་གི་ཆེར་རབ་ཏུ་ཕབ་པོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་མཛོད། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་གཉིས་པོ་དེ་དག་དང་ལྷན་ཅིག་ཏུ་ནམ་མཁའི་དཀྱིལ་དེ་ནས་བབས་ཏེ། བཅོམ
173a8 ལྡན་འདས་ཀྱི་ཞབས་ས་མགོ་བོས་ཕྱག་འཚལ་ནས།། ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལར་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་གཅིག་པ་ནི། བཅོམ་ལྡན་འདས་ལ
173a9 གདིང་ཅུ་པ། ཉམ་པ་བཟུང་བར། འམྱོ་ས་པ་ང་མ་བཔ་དང་། འ་བ་ག་པ་པ་སདསསཔ་ནེས་རྐུན་ན་པའང་འང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེར་པོ་རྣམ་པ་འའི་མཛོད་པས་འགྲོགས་པ། བྱང་དུ




iiif viewer powered by OpenSeadragon

172b - 173b

Texts on this page

Ng5.11 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo