| e-texts navigator |
| Wylie |
172b1 xxx
172b2 ནནས་མསས་པའི་ཡིནཔ་ས་། ཆོགསས་ཐམ་ཅད་ཀྱིས་ཡོན་ཏནགས་བརྒྱན་ཅིང་།། སངས་རྒྱས་ཐམས་ཅད་རློམ་འདུས་པའི་རྔས་པ་པས། གམའི་བུ་གང་མཀོར་པ་འང་ས་སུམ་ཏུ་སྤ་བ་འདིན
172b3 ནུབ་སེམས་དཔའ་རྣམ་པའའ་མཛོད་ཀྱི་བྱིར་ཀྱིས་བས་སོ།། རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་ཁའ་འ་མཛོད་དེ་ངས་བས་པ་དང་། ཕྱག་འཚལ་པ་དང་། བསེན་བཅུམ་བྱ་བ་དང་། འདུས་པཆེན་པོའི་མི
172b4 ཆོས་ཀྱི་རྣམ་ཟླངས་འདིས་ཏུ་ཡོངས་སུ་བཟུང་བ་དང་། བྱོགཔ་སུ་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་ད་པའི་འདི་དག་ཆོས་ཀྱི་དགའ་བ་དང་། བདེ་བ་དང་། མཆོག་ཏུ་དགའ་བ་དང་། ཐེག་པ་ཆེན་པོ་འདི
172b5 འང་རབ་ཏུ་ཡོངས་སུ་གཟུང་བ་དང་། བྱང་ཆུབ་སེམས་དཔའ་ཐམས། ཅད་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱང་ཡོངས་སུ་གཟུང་བའི་ཕྱིར་གལ་དུ་འོང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
172b6 ནམ་མཁའི་མཛོད་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་གཅིག་པ་ལ་གསོལ་ནས།། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་གཉིས་ཀྱིས་སོ་ངས་སུ་བསྐོར་ཏེ། མདུན་ཏུ་བད་ནས་ལྷན་ཅིག་ཏུ་མངོན་ཏུ་གྱུར་པའི
172b7 འཕྲུལ་མངོན་པར་འདུ་མྱི་བྱེད་པ་སངས་རྒྱས་ཀྱི་རྣམ་པར་རོལ་པ་དང་། རྫུ་འཕྲུལ་གྱི་རྐང་པས་བཀོད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ནས་མྱི་སྣང་བར་གྱུར་ཏོ།། སེམས་ཅན་སྐད་ཅིག་གཅིག་འབྱུང་བ་ཙམ་གྱིས་མྱེ་མཆེད་ཀྱི་འཇིག་རྟེན
172b8 གི་ཁམས་འདིར་སྦྱིན་ནས་དེ་བར་སྣང་ལ་འདུག་སྟེ།། བཀོད་པ་ཆེན་པོའི་འཇིག་རྟེན་གྱི་ཁབས་ཀྱི་མེ་ཏོག་དང་། འཕྲེང་བ་དང་། ཕྱེ་མ་དང་། སྤོས་དང་། ཐུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དམ་ཅི་འདྲ་བ་དེ་འདྲ་བའི་ཆར
172b9 རབ་ཏུལཔ་པ་འདིས་སྟེ། རྦ་བ་དང་། ཐ་བ་ཆེན་པོ་དང་། གི་རིང་ཏུ་མངེས་པའི་ཐབ་དང་། ཉི་མའི་འོད་དང་། ཉི་མ་རབ་ཏུ་འབ་བ་དང་། ཀྱེ་ཤེས་དང་། མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། མདོག་མཛེས་པར