e-texts navigator
Collection
Volume
Page
Wylie

171b1 xxx
171b2 xxx
171b3 གནས་པས་རློམ་ཐམས་ཅ་གནས་པབྱེད་དང་། སུ་ནི་བྱེད་པ་བཅོས་མམས་ཅད་དམྱིགས་པ་བྱེད་པ་དང་སུན་གཞི་དུང་ཐམ་པས་ཆོས་སེམས་དཀུན་པའི་བྱེད་པ་གརིའི་བུ་གར་དེ་བཞི་གཤེགས་པརིན་མོ་མ་ས་ཀྱི།
171b4 ད་བྱང་ཆུབ་སེམས་དཔའ་དེ་དག་ས་རྣམ་པ་སུམ་བདུརྩ་གཉིས་ལ་འཇུག་པ་མ་མའིའི་དཀྱིལ་ཡོངས་སུ་དག་པའི་ཆོས་ཀྱི་ཕྱག་རྒྱུ་ཡང་དག་པར་ཏུ་སྟོན་ཏེ།། དེ་ཐོས་པས་བྱ་བཆུབ་སེམས་དཔ་ཆད་བྱེད་པ་དས་མཛོད
171b5 བར་ཤེས་པ་རྣམ་པར་དག་པས་རྣམ་པར་ཤེས་པ་ལ་བཟོད་པ། ཆོས་ཐམས་ལ་དབང་བྱེད་པ་རྗེས་སུ་འཐོབ་བོ།། ཡང་ཤ་རིའི་བུ་བཀོད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན
171b6 བས་བརྒྱན་ཅིང་བསྐལ་པ་གྲངས་མྱེད་པར་གཏོང་བའི་རྗེས་སུ་སོང་བ། ཚུལ་ཁྲིམས་ཀྱིས་བརྒྱམ་ཅིང་བློ་ཤནད་ཏུ་བྱང་བ།། བཟོད་པས་བརྒྱན་ཅིང་སེ་མས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མྱེད་པའི་སེམས་དང་ལྡན་པ་བརྩོན
171b7 འགྲུས་ཀྱིས་བརྒྱན་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚོགས་བསྩགས་པ།། བསམ་གཏན་གིས་བརྒྱན་ཅིང་། བསམ་གཏན་དང་རྣམ་པར་ཐ་རད་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་ཐམས
171b8 ཅད་ཀྱིས་རྣམ་པར་ཆེན་པ། ཤེས་རབ་ཀྱིས་བརྒྱན་ཅིང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བ། བྱམས་པ་ཆེན་པོ་ས་བརྒྱན་ཅིང་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པར་གནས་པ། སྙིང
171b9 པོས་བརྒྱན་ཅིང་སེམས་ཅན་ཐམས་ཅད་ཡོངས་སུ་མྱི་གཏོང་བར་གནས་པ། དགའ་བ་ཆེན་པོས་བརྒྱན་ཅིང་སེམས་ཅན་ཐམས་ཅད་དགའ་བ་དང་། བདེ་བ་དང་། རབ་ཏུ་དགའ་བ་ལ་སོ་སོར་འགོད་པའི་རྒྱུན་མྱི་གཅོད་པ། བཏང་སྙོམས




iiif viewer powered by OpenSeadragon

171a - 172a

Texts on this page

Ng5.11 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo