e-texts navigator
Collection
Volume
Page
Wylie

171a1 གཉིས་ལ་འཇུག་པ་ནམ་མཁའི་དཀྱིལ་ཡོངས་སུ་དག་པའི་ཆོས་ཀྱི་ཕྱག་རྒྱ་ཡང་དག་པར་རབ་ཏུ་སྟོན་ཏོ།། ནམ་པ་སུམ་བཅུ་རྩ་གཉིས་ལ་འཇུག་པ་ནམ་མཁའི་དཀྱིལ་ཡོངས་སུ་དག་པའི་ཆོས་ཀྱི་ཕྱག་རྒྱ་དེ་གང་ཞེ་ན། འདི་ལྟ
171a2 སྟེ་དངོས་པོ་མྱེད་པས་ཆོས་ཐམས་ཅད་ཡོད་པ་དང་། མྱེད་པ་དང་བྲལ་བ་དང་། རྣམ་པར་རིག་པའི་མཚན་ཉིད་པས་ཆོས་ཐམས་ཅད་དངོས་པོ་མྱེད་པ་དང་། སྣང་བར་གྱུར་པ་མྱེད་པས་ཆོས་ཐམས་ཅད་རྣམ་པར་རིག་པ་མྱེད་པ་དང་། རྒྱུ་དང་དམྱིགས་པས་ཆོས
171a3 ཐམས་ཅད་སྡང་བར་གྱུར་པ་དང་། ཉེ་བར་ཞི་བའི་མཚན་ཉིད་པས་ཆོས་ཐམས་ཅད་དམྱིགས་པ་མྱེད་པ་དང་། གཉིས་སུ་མྱེད་པས་ཆོས་ཐམས་ཅད་ཉེ་བར་ཞི་བ་དང་། སོ་སོར་ཐ་རད་པ་མྱེད་པས་ཆོས་ཐམས་ཅད་གཉིས་སུ་མྱེད་པ་དང་། ཚུལ་གཅིག་ལ་ཞུག
171a4 བས་ཆོས་ཐམས་ཅད་ཐ་དད་པ་མྱེད་པ་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་དང་བྲལ་བས་ཆོས་ཐམས་ཅད་ཚུལ་གཅིག་པ་དང་། ཏུས་གསུམ་ལས་ཡང་དག་པར་འདས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མྱེད་པ་དང་། ཐམས་ཅད་ལ་གནས་པ
171a5 དང་ཆོས་ཐམས་ཅད་ནས་མཁའི་དཀྱིལ་དང་། ཐམས་ཅད་མྱི་སྡང་བས།། ཆོས་ཐམས་ཅད་མྱི་གནས་པའི་སྒོ་དང་ཡུལ་གྱི་ལམ་ལས་ཡང་དག་པ། ར་འདས་པས་ཆོས་ཐམས་ཅད་སྡང་བ་མྱེད་པ་དང་། ནང་དང་ཕྱི་རྣམ་པར
171a6 དག་པས་ཆོས་ཐམས་ཅད་ཡུལ་མྱེད་པ་དང་། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ཆོས་ཐམས་ཅད་རྣམ་པར་དག་པ་དང་། ངོ་བོ་ཉས་ཀྱིས་ཉེ་བར་ཞི་བས་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ
171a7 དང་། སེམས་དང་ཡིད་དང་། རྣམ་པར་ཤེས་པ་མྱེད་པས་ཆོས་ཐམས་ཅད་ཉེ་བར་ཞི་བ་དང་། བཟོད་མ་ནས་མ་བྱུང་བས། ཆོས་ཐམས་ཅད་མཚན་ཉིད་མྱེད་པ་དང་། ངའི་བ་མྱེད་ཅིང་ཡོངས་སུ་འཛིན་པ་མྱེད་པས་ཆོས་ཐམས་ཅད་གཟོད་པ་ནས
171a8 མ་བྱུང་བ་དང་། བདག་པོ་མྱེད་པས་ཆོས་ཐམས་ཅད་ངའི་བ་མྱེད་ཅིང་ཡོངས་སུ་འཛིནད་པ་མྱེད་པ་དང་། རང་བཞིན་གྱིས་བདག་མྱེད་ཆོས་ཐམས་ཅད་བདག་པོ་མྱེད་པ་དང་། བཟོད་མ་ནས་རྣམ་པར་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་བདག
171a9 མྱེད་པ་དང་ལྡོག་པ་མྱེད་པས། ཆོས་ཐམས་ཅད་གཟོད་མ་ནས་རྣམ་པར་དག་པ་དང་། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་པས་ཆོས་ཐམས་ཅད་ལྡོག་པ་མྱེད་པ་དང་། དངོས་པོ་བྱེད་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། མངོན




iiif viewer powered by OpenSeadragon

170b - 171b

Texts on this page

Ng5.11 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo