| e-texts navigator |
| Wylie |
170a1 པར། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སའི་སྟེང་དང་། གཞིའི་བར་དུ་ཐམས་ཅད་ཀྱང་མྱི་སྣང་བ་སྙམ་དུ་རབ་ཏུ་ཤེས་ཏེ་རིའི་རྒྱལ་པོ་ར་རབ་དང་། འཁོར་ཡུག་གི་རི་དཔའཁོར་ཡུག་གི་རི་ཆེན་པོ་དག་སེམས།
170a2 ཅན་གང་གི་མྱིག་སྔར་ཡང་མྱི་སྣང་བར་གྱུར་ད་ཏོ།། གྲོ་བ་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཀྱང་མྱི་སྣང་སྟེ། གཞན་དུ་ན་ནམ་མཁའི་དཀྱིལ་ན་གནས་པའི་ཁང་པརྩེགས་པ་དེ་དག་རྗེ
170a3 དུ་ཤེས་ཤིང་། བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་ན་འཕང་དུ་དཔག་ཚད་ཁྲིར་འཕགས་པར་རབ་ཏུ་སྣང་ངོ་།། གང་ལ་བཅོམ་ལྡན་འདས་བཞུགས་པའི་སེང་གེའི་ཁྲི་དོའི་འོད་ཀྱིས་ཀྱང་སྟོང་སུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས
170a4 སྣང་བ་ཆེན་པོས་ཁྱབ་པར་གྱུར་ད་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོ་འི་འཇིག་རྟེན་གྱི་ཁམས་འདིའི་ཉི་མ་དང་ཟླ་བ་དང་། སྐར་མ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བའི་འོད་དེ་དག་ཐམས་ཅད་ཀྱང་མོག་མོག་པོར
170a5 བྱས་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམ་ས་ཅད་ཀྱིས་འདི་ལྟ་བུའི་ཆོ་འཕྲུལ་ངོ་མཚར་དང་། རྨད་དུ་བྱུང་བ་མཐོང་ནས་ཕར་ཚུན་དུ་སྨྲ་བ། ཁང་པ་རྩེགས་པ་འདི་འི་བཀོད་པ་མི་འདྲ་བ།
170a6 དེ་ནི་བདག་ཅག་གི་ཚེའི་ཚད་སྐལས་འདུག་པར་གྱུར་ཀྱང་། བདག་ཅག་གྱིས་རྒྱ་ཆེ་ར་རྣམ་པར་དབྱེ་བ་བསྟན་པར་སླ་བ་མ་ཡིན་ཏེ། དེ་ཙམ་དུ་ཁར་པ་བརྩེགས་པ་འདི་དག་གི་ཡོན་ཏན་བཀོད་པ་ནི་ཚད་མྱེད་དོ་ཞེས་འཛེར་ཏོ།། དེ་ནས་བཅོ།
170a7 ལྡན་འདས་ཀྱི་མཐུས་གནས་བརྟན་ཤ་རི་བུ་ཁར་པ་བརྩེགས་པ་དེ་ནས་ལངས་ནས། ནམ་མཁའ་ལ་འདུག་སྟེ་པུས་མོ་གཡས་པའི་ལྷ་ར་ས་ལ་བཙུགས་ནས། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས
170a8 འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ནམ་མཁའ་ལ་མཆིས་པའི་ཁང་པ་བརྩེགས་པ་འདི་མ་ལགས་པ་གཞན་སྟོང་གསུམ་གི་སྟོང་ཆེན་པོལ་འཇིག་རྟེན་གི་ཁམས་ཐམས་ཅད་ནམ་ཁར་གྱུར་ཅིང་། ནམ་མཁའི་རང་བཞིན་དུ་གདའ་བ་འདི་སུའི་སྡེ་ལྟས་ལགས
170a9 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཤ་རོའི་བུ་ཁྱོད་ཀྱིས་ཐར་པ་བརྩེགས་པ་འདི་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཤ་རིའི་བུ་ཁྱོད་ཀྱིས་ཁང་པ་བརྩེགས་པ་འདི་དག་གི་སྔགས་པ