e-texts navigator
Collection
Volume
Page
Wylie

169a1 སོ་ནི་རབ་ཏུ་བསྐོར། སློབ་མ་ཤིན་ཏུ་ངུས་པ་མཐའ་ཡས་པའི་ཚོགས་ནི་མངའ། ཚོགས་ཐམས་ཅད་ལ་ནི་མངའ་བརྙེས།། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་བྱ་བ་ནི་ཤི་ནང་ཏུ་མཁྱེན། དབང་པོའི་དམ་པའི་ཕ་རོལ་ཏུ་ནི།
169a2 བྱོན།། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཡང་དག་པར་འཇོམ་པ་ལ་ནི་མཁས་ཤིང་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མ་ཆད་དོ།། དགེ་སློང་ས་ཡ་ཕྲག་དྲུག་གི་དགེ་སློང་གི
169a3 དགེ་འདུན་ཆེན་པོ་དང་ཐབས་གཅིག་སྟེ། ཐམས་ཅད་ཀྱང་ཅང་ཤེས་ཀྱི་སེམས་དང་ལྡན་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་བཅོམ
169a4 བ་ལ་བརྩོན་པ།། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས།། ཆོས་ཟབ་མོ་ལ་གནས་པར་མཁས་པ།། དམྱིགས་སུ་མྱེད་པའི་ཆོས་ལས་ངེས་པར་བྱུང་བ། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ།། སྦྱིན་པའི་གནས
169a5 ཆེན་པོར་གྱུར་ད་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤི་ནད་ཏུ་ཞུག། ས་པ་ཤ་སྟག་ཀོ།། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས།། འདུས་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མྱེད་གྲངས་མྱེད
169a6 བསམ་གྱིས་མྱི་ཁྱབ་མཚུངས་པ་མྱེད་པ། གཞལ་དུ་མྱེད་པ་ཚད་མྱེ་ད་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པའི་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ཡང་ཐབས་གཅིག་སྟེ། ཐམས་ཅད་ཀྱང་སེམས་ཀྱི་སྐད་ཅིག་གི
169a7 སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་ལ་མཁས་པ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་། རིམ་འགྲོ་བྱ་བ་ལ་མཁས་པ་ཆོས་མཉན་པ་ལ་མྱི་ངོམས་པར་ཡང་དག་པར་ཚོལ་བ།། རྟག་ཏུ་རྒྱུན་མྱི་ཆད་པར་སེས་ཅན
169a8 ཐམས་ཅད་ཡོང་སུ་སྦྱིན་པར་བྱེད་པ་ལ་བརྩོན་པ།། ཐབས་དང་། ཤེས་རབ་དམ་པའི་ཕ་རོལ་ཏུ་ཕྱིན་པ། སྒྲིབ་པ་མྱེད་པའི་རྣམ་པར་ཐརྡ་པ་ལ་རབ་ཏུ་གནས་པ།། རྟོག་པ་དང་རྣམ་པར་རྟོག་པ་དང་། སྤྲོས་པ་ཐམས་ཅད་ལས་ཡང་དག་པར
169a9 འདས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཉེ་བར་གྱུར་ད་པ་དེ་དག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཀློག་ཀཾ་ལྷ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔལ་རྗེ




iiif viewer powered by OpenSeadragon

168b - 169b

Texts on this page

Ng5.11 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo