| e-texts navigator |
| Wylie |
165a1 སམ་བསྩོགས་པ་དགེ་སློང་གི་དགེ་འདུན་གདུགས་ཆོད་གསོལ་ཏོ།། དེ་ནས་དེར་སྡུག་བསྔལ་གཉིས་ཤིག་ལྤགས་ཤེས་བྱ་བ་ནས། རྒྱས་པར་སྔ་མ་བཞིན་ཏེ། གཅིག་གི་མགོ་ཁྱོད་ཀྱི་ཞིང་རྟའི་འཁོར་ལོས་ཆོད་པ།
165a2 ཞེས་བྱ་བའི་བར་དུའོ།། དེ་ཡ་བ་ནི་འཕོས་ནས་སེམས་ཅནད་དམྱལ་བར་སྐྱེས་ཏེ། དེར་སྐྱེས་པའི་མགོ་སྐད་ཅིག་གཅིག་ལ་སྐྱེས་མོ་ཆོ་ག་ནི། ལྕགས་ཀྱི་འཁོར་ལོ་འབར་བས་བཅད་དོ།། དེ་ནས་དེ་ཡང་བསྐལ་པ་བྱེ་བས་ཐར་པར་འགྱུར་རོ།
165a3 ཁྱོད་ཀྱིས་ནི་རྒྱལ་པོའི་དཔལ་ཐོབ་སྟེ། བདག་དེ་ལྟ་བུར་གྱུར་པ་ནས། སངས་རྒྱས་ལས་བསྩོགས་པའི་དགེ་སློང་གི། དགེ་འདུན་ཞག་བདུན་དུ་ཀ་དུགས་ཚོད་གསོལ་བར་གྱུར་ད་ཅིག་ཅེས་ཁྱོད་ཀྱིས་སྨོན་ལམ་བཏབ་སྟེ། ཁྱོད་ཀྱིས་བསམ་པ་དེ་ཡ
165a4 རྫོགས་སོ།། དེ་ཕྱིན་ཆད་ནི་ཚེ་རབས་དཔག་ཏུ་མྱེད་པ་ཐམས་ཅད་ཕུན་སུ་མ་ཚོགས་པ་ཆེས་ཁྱད་དུ་འཕགས་པ་དག་འཐོབ་པར་འགྱུར་རོ།། དེ་ནས་པ་ཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སུ་ལད་ཏོ།།
165a5 འཇིག་རྟེན་ནག་པོ་འབྱུང་བའི་ཕྱིར། ཡིད་ནི་དུག་གི་རྩ་བ་ཡིན།། ཉེས། པར་སྨྲ་རྣམས་འབྱུང་བའི་ཕྱིར། ཁ་ནི་སྡིག་པའི་སྒོ་ཉིད་དོ།། སེམས་ཀྱི་། ས་སྣ་ཚོགས་སེམས་པར་བྱེད། དེ་ནས་ཚིག་ཏུ་སྨྲ་བར་འགྱུར། ངག་ཡིད
165a6 དག་གིས་སྡིག་བྱས་པ། སུས་སྐྱེས་སྡུག་བསྔལ་སྦྱིན་པར་བྱེད། ཕན་དང་མྱ་ཕན་མ་བསམས་པར། བློ་མྱེད་པས་ནི་སྡིག་བྱེད་པ།། དེས་ན་སྡུག་བསྔལ་སྡོད་འགྱུར་ཏེ། ཉོན་མོངས་པ་དག་དེ་ལྟར་འགྱུར། མཁས་པ་རྣམས་ཀྱི་མགོ་བོ།
165a7 དག། ཡིད་ཀྱིས་གཅོད་པར་འདོད་པ་དེ། བློ་གྲོས་ཕན་པ་མྱི་ཤེས་པའི།། མགོ་ནི་འཁོར་ལོས་ཡང་དག་ཆད།། དཔལ་དང་ཡིད་འདི་ཁོ་ནས་ནི།། ཆོས་དཀར་བདུད་རྩི་རྟེན་པའི་སེམས་ཅན་བསོད་ནམས་ཀྱིས་དགེ་རྣམས།། ལྷའི་འཇིག་རྟེན
165a8 རྣམས་སུ་ཁྲིད།། འདིར་ནི་སྙིང་གིས་ཀུན་བསམས་ནས།། ཚིག་ཏུ་བརྗོད་པས་ལེགས་སྨྲ་བ།། དེ་ཕྱིར་འདི་ནི་ལུས་ཀྱིས་སུ།། བསོད་ནམས་མཛོད་ནི་ལེན་པར་འགྱུར།། མྱིའི་ས་བློ་ན་སྔུན་བཏང་སྟེ།། ལས་དགེ་མྱི་དགེ་རྣམས་ཕྱེ་ནས།། གས་ཏེ་བསོད
165a9 ནམས་མེ་བྱེད་ན།། རྟག་ཏུ་རབ་ཏུ་ལྷ་དེར་འགྱུར།། སེམས་ཀྱིས་མྱི་དགེ་བའི་སས།། རྟག་ཏུ་ཡོངས་སུ་སྤངས་ནས་ནི།། རབ་ཏུ་དཀའ་བ་བསོད་ནམས་ཉིད།། མྱི་ཡིས་བྱས་ཏེ་སྡིག་པ་མྱིན།། ཚེ་རབས་བྱེ་བ་གྲངས་མྱེད་པར།། འཁོར་ལོས་སྒྱུར་བསྩོགས