e-texts navigator
Collection
Volume
Page
Wylie

164a1 དེ་དག་ལ་སྨྲས་པ། གྲོགས་པོ་དག་ཁྱེད་ཅག་གིས་སྤྲིན་སྔོན་པོའི་དཀྱིལ་འཁོར་གྱིས་ཁེབས་པ་དགའ་ཞིང་གསལ་བའི་ཕྱོགས་དེ་མཐོང་ངམ། དེ་དག་གིས་སྨྲས་པ། གྲོགས་པོ་མཐོང་པོ། དེས་སྨྲས་པ
164a2 དེ་ན་རྒྱལ་པོའི་མཚན་དང་ལྡན་པའི་སྐྱེས་བུ་དེ་འདུག་སྟེ། དེའི་བསོད་ནམས་ཀྱི་ལས་ཀྱིས་གྲིབ་མའི་དོན་དུ་སྤྲིན་དེ་དག་འདུས་སོ།། དེ་ནས་དེ་དག་དེར་དོང་ནས། སིལ་སྙན་དང་། ཀླུ་དབྱངས་ཀྱི་སྒྲས་སྤ་ནད་ཏེ། བཏུད་ནས་དེ་ལ་འདི
164a3 སྐད་ཅེས་སྨྲས་སོ།། དབང་བསྐུར་བ་བཞེས་ལ་རྒྱལ་པོར་གྱུར་ད་ཅིག། དེས་སྨྲས་པ་ཁོ་བོ་ལྟ་བུ་རྒྱལ་པོའི་འོས་ག་ལ་ཡིན། དེ་དག་གིས་སྨྲས་པ། བསོད་ནམས་ཀྱི་ལས་ཁྱོད་དེ་སྐད་མ་ཟེར་བར། ཁྱེད་གདོན་མྱི་ཟ་བར་རྒྱལ་པོར
164a4 བྱ་རྐོས་སོ།། སྤྲས་པ་དེ་བཞིན་དུ་གྱུར་ད་ཅིག། དེ་ནས་དེ་དག་གི་ས་གསེར་གི་རྐང་རྟེན་ལ་རྐང་པ་བཞག་པ་དེ་སྟན་བཟང་པོ་ལ་འདུག་དུ་བཅུ་ག་ནས། བཀྲ་ཤིས་ཐམས་ཅད་ཀྱིས་རྒྱས་པར་བྱེད་ཅིང་དབང་བསྐུར་ཏེ།
164a5 དབུ་བརྒྱན་དར་ཐོད་ཅན་ལས་བསྩོགས་པའི་རྒྱན་རྣམས་ཀྱིས་བརྒྱན་ན། ས་ཤིང་རྟའི་མགྲོ་ལོགས་སུ་གདུཀས་ཆེན་པོ་བསྒྲེངས་ཏེ་བཙུག་ས་ཤིང་།། ཡུ་བ་གསེར་ལས་བྱས་པ། ནོར་བུ་ཅན་གྱི་རྔ་མའི་བསི་ལི་ཡ
164a6 དག་གིས་གཡོབ་ཅིང་། ལྔ་རྒྱལ་བར་གྱུར་ད་ཅིག། རྒྱལ་བར་གྱུར། ཅིག་ཅེས་ཀུན་ནས་མདོ་མ་ཐར་སྟོད་དེ། རྒྱལ་པོའི་ཕོ་བྲང་འཁོར་དུ་ཁྲིང་དོ། དེ་ནས་རྒྱལ་པོ་འི་ཤིང་རྟ་དེ་སྤུར་པའི་འཁོར་ལོས་བཀྲེན་པའི་ཅིག
164a7 ཤོས་གཉིད་ལོག་པའི་མགོ་བཅད་དོ།། དེ་ནས་བསོད་ནམས་ཀྱི་ལས་ཅན་དེ་ཡང་རྒྱལ་སྲིད་དེ་ལས་གནས་པར་གྱུར་ད་ཏེ། དེའི་རྒྱལ་སྲིད་དེ་ཡང་ཡམས་ཀྱི་ནད་མྱེད་པ་དང་། གནོད་པ་མྱེད་པ་དང་། འབྱོར་ད་པ་དང་།། རྒྱས་པ
164a8 དང་། བདེ་བ་དང་ལོ་ལེགས་པ་དང་། སྐྱེ་བོ་དང་མྱི་མང་པོས་གང་བར་གྱུར་ད་ཏོ།། རྒྱལ་པོའི་མྱིང་གི་ཡོན་ཏན་ཐམས་ཅད་འབྱོར་ཅིང་ལྡན་པར་གྱུར་ད་ལ་དགའ་མགུར་སྤྱོད་པ་དེ་འདི་སྙམ་དུ་འདི་གང་གི་མཐུ་ཡིན་བདག་གི་རྒྱལ་སྲིད
164a9 སྐལ་པ་བཟང་པོ་དང་ལྡན་པ་འདི་ཀང་གིས་བྱུང་བར་འགྱུར་སྙམ་པ་དང་། དེ་སངས་རྒྱས་ཀྱི་མཐུས་སྔོན་གྱི་ལས་མངོན་པར་འདུས་བྱས་པ་དེ་ཐམས་ཅད་རྗེས་སུ་དྲན་ནོ།། ཡང་དག་པར་དྲན་ནས་ཀྱང་བཅོམ་ལྡན་འདས་ཀྱི།




iiif viewer powered by OpenSeadragon

163b - 164b

Texts on this page

Ng5.7 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo