e-texts navigator
Collection
Volume
Page
Wylie

163b1 དེ་ནས་སྤོབས་པའི་བློ་གྲོས་གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་མ་འདུག་ནོ།། བཅོམ་ལྡན་འདས་ཀྱིས་དེ་ས་ཡང་དག་པར་དགའ་བ་དང་། ཡང་དག་པར་གཟེང་བསྟོད་པ་དང་ཡང་དག་པར་འཛི།
163b2 ཏུ་གཞུག་པ་སྔུན་དུ་མཛད་པའི་ཆོས་ཀྱི་གཏམ་སེམས་ཅན་མང་པོའི་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་བསྐྱེད་པར་མཛད་དོ།། གདན་ལས་བཞེངས་ནས་བཞུད་དེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་ནས། དེ་ན་བཞུགས་སོ།།
163b3 དེ་ནས་སྡུག་བསྔལ་བ་དེ་གཉིས་འཁོར་འཁོར་ཁྱམ་ཁྱམ་སྟེ་ཡུལ་གཞན་ཞིག་དུ་སོང་ནས། ཕ་ཟད་ཚུ་ཟད་ཙམ་གྱི་ཕྱོགས་སུ་ཉལ་བར་གྱུར་པ་ཏོ།། དེར་བསོད་ནམས་ཀྱི་ལམ་ཅན་དེ་ལ། སྟེང་གི་ནམ་མཞའ་ལ་གྲིབ་འི་དོན་ཏུ་སྤྲིན
163b4 ཀྱི་བླ་རེ་ཀློག་དང་རླུང་འབྱུང་བ་དང་བཅས་པ་རབ་ཏུ་གནས་པར་གྱུར་ཏོ།། དེའི་ཆེན་ཡུས་དེ་ན་རྒྱལ་པོ་གང་ཡིན་པ་དེ་འཆི་བའི་དུས་བྱས་སོ།། དེ་ནས་རྒྱལ་སྲིད་ལ་དབང་བསྲུང་བར་བྱ་བའི་རྒྱལ་པོ་ལི་མཚན་དང
163b5 བ་ཡང་གཞན་མྱེད་དོ།། དེ་མཚོབ་དཔོན་དང་། གྲོང་མྱི་དང་། ཡུས་མྱི་དང་། བློན་པོ་ཆེན་པོ་དང་། བློན་པོ་དང་། བསྒོ་བ་དང་། འཁོར་ན། འཁོད་པ་རྣམས་ནི། མཚན་མཁན་དང་། སྟས་མཁན་དང་། སྐརས
163b6 དང་། གཟའ་སྤྱོད་ལ་མཁས་པ་ས་རྒྱལ་པོར་འགྱུར་བ་སུ་ཡོད་ཅེས་པ་རྩོན་པར་གྱུར་ད་ཅིང་འདྲེའོ།། དེས་སྤྲས་པ་སྐྱེས་བུ་དབུལ་པོ་མཚན་དང་སྡེ་ན་བ་ཞིག་ཡོད་དེ། དེ་ནི་རྒྱལ་པོར་འགྱུར་རོ།། དེ་ནས་དེ་དག་བརྒྱན
163b7 ཐམས་ཅད་ཀྱིས་བརྒྱན་པ། རྒྱལ་པོ་ལ་འོས་པའིར་ཐང་ཆེ་བའི་ཁྲི་སྟན་བཟང་པོ། གསེར་གྱི་རྐང་རྟེན་དང་བཅས་པ་དང་ཡུ་བ་ནོར་བུ་ལས་བྱས་པའི་གདུགས་དཀར་པོ་དང་། ཡུ་བ་ཀསེར་ལས་བྱས་ཤིང་ནོར་བུ་དང་ལྡན་པའི་རྔ་མ
163b8 བསིས་ཡང་དང་། བྲོས་ཆུས་བཀང་བའི་བུས་པ་དུལ་དང་། མེ་ཏོག་དང་། རྒྱར་འཕྲེང་དང་། གོས་དབང་བརྒུམ་དང་ཟོད་དང་བཅས་པ་ལ་སྩོགས་པའི་རྒྱན་དང་། སྤོས་ཀྱི་ཕུངས་དང་། གྲོས་དག་ཐོགས་ཏེ། མིལ་སན
163b9 དང་། ཕེག་རྡོག་དང་། མུ་དབྱངས་དང་། བཅས་པ་དང་། རྒྱལ་པོའི་པོ་བྲོ་བ་འཁོ་ངས་བྱུང་སྟེ། གུམ་ནས་དེ་ཀུན་ཏུ་འཚས་ཏོ།། སྐས་མཁམ་དེས་སྤྲིན་གྱི་ཚོགས་ཀྱིས་བཀབ་པའི་ཕྱོགས་དེ་མཐོང་སྟེ། མཐོང་ནས་ཀྱང




iiif viewer powered by OpenSeadragon

163a - 164a

Texts on this page

Ng5.7 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo