| e-texts navigator |
| Wylie |
163a1 སྤོབས་པའི་བློ་གྲོས་ཀྱི་ཁྱིམ་དུ་ཕྱིན་པར་གྱུར་པ་ནས། དེ་གཉིས་ལས་གཅིག་ནི་དགེ་འདུན་གི་ནང་དུ་ཞུས་སོ།། དེའི་ཚེ་དགེ་སློང་ཐམས་ཅད་ལ་བཟའ་བ་དང་བཏུང་བ་འབྱོར་ང་ཚོགས་ཞེས་མ་སྨྲས་ལ། བཙས
163a2 ལྡན་འདས་ཀྱིས་ཀྱང་རྗེས་སུ་ཐུགས་རང་བ་མ་གསུངས་པས་དེ་ལ་གང་གིས་ཀྱང་ཅི་ཡང་མ་བྱིན་ནས། དེ་འཁྲོས་ཏེ་ཕྱིར་བྱུང་ནས་འདི་སྙམ་དུ་ཀྱེ་མ་སྡུག་བསྔལ་བདག་ལ་གང་གིས་ཅི་ཡང་མ་བྱིན་ན། དགེ་སློང་བདག་ཉིད་ངན་པ
163a3 རྣམས་སྟེ། སེམས་ཉེ་བར་ཞི་བ་མ་ཡིན་ཞིང་སྙིང་རྗེ་མྱེད་ལ། བྱམས་པའི་སེམས་དང་ལྡན་པ་མ་ཡིན་པ་དག་གོ། གང་དེ་དག་ལ་བྱིན་ཡང་འབྲས་བུ་མྱེད་པ་དེ་ལྟ་བུ་དག་ལ་བྱིན་པར་བྱེད་པ་ནི་སྦྱིན་བདག་བླུན་པོ་སྟེ། གལ་ཏེ།
163a4 བདག་རྒྱལ་པོར་གྱུར་ད་ན། ཐམས་ཅད་ཀྱི་མགོ་ལྕགས་ཀྱི་འཁོར་ལོས་བཅད་དོ་སྙམ་དུ་སེམས་པར་གྱུར་ད་ཏོ།། དེ་ནས་དེའི་འོག་ཏུ་དགེ་སློང་ཐམས་ཅད་ལ་བཟའ་བ་དང་བཅའ་བ་དག་འབྱོར་ཚོགས་ཤེས་ཤིང་། བཅོམ་ལྡན
163a5 འདས་ཀྱིས་ཀྱང་རྗེས་སུ་ཐུགས་རང་བར་མཛད་པ་དང་། གཅིག། ཤོས་འོངས་པར་གྱུར་ད་ཏོ།། དེས་ནི་བཟའ་བ་དང་བཏུང་བ་མང་བ་དང་གསོད་པ་ཐོབ་ནས་དེ་ཡིད་རངས་ཏེ་ཕྱིར་འབྱུང་ནས་འདི་སྙམ་དུ་ཀྱེ
163a6 སྡུག་བསྔལ་བ་བདག་ལ་གང་དག་གིས་བཟའ་བ་དང་བཏུང་བ་མང་བ་དང་གསོད་པ་བྱིན་པ་ནི་དགེ་སྦྱོང་བདག་ཉིད་ཆེན་པོ་རྣམས་དང་། སྙིང་རྩེ་བར་བྱེད་ལ་སེམས་ཉེ་བར་ཞིབ་སྨིན་ནི། བྱམས་པའི་བདག
163a7 ཉིད་ཅན་དག་གོ།། འདིས་ནི་བདག་ཞག་བདུན་དུ་ཚིམ་པར་འགྱུར་བར་བྱའོ།། གང་འདི་དག་ལ་བྱིན་ན་འབྲས་བུ་ཆེ་བ་སྦྱིན་ཀ་ནས་ཆེན་པོ་འདི་ལྟ་བུ་དཀ་ལ་ནི་སྨྱོན་པར་བྱེད་པ་ནི། སྦྱིན་བདག་ཆེན་པོ་མཁས་པ་སྟེ། སེག།
163a8 སོ་གལ་ཏེ་བདག་རྒྱལ་པོར་གྱུར་ད་ན། སངས་རྒྱས་ལས་བསྩོགས་པ་དགེ་སློང་གི་དགེ་འདུན་ལ་ཞག་བདུན་དུ་བསྙེན་བཀུར་ཐམས་ཅད་ཀྱིས་རིམ་འགྲོ་བྱེད་པར་གྱུར་ད་ཅིག་སྙམ་དུ་སེམས་པར་གྱུར་པ་ཏོ།། དེ་ནས་བཅོམ་ལྡན
163a9 འདས་གདུགས་ཆོད་གསོལ་ནས། གསང་སྡེར་གྱུ་སྟེ།། ཕྱག་བཅབས་ནས་ཚེད་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དང་ཕྱིན་ཆད་བཟའ་བ་དང་བཏུང་བ་མ་བླངས་པ་ཉིད་དུ་རྗེས་སུ་ཡི་རང་བརྗོད་ཙ