| e-texts navigator |
| Wylie |
162a1 བླ་མའི་ཆོས་ལྔ་པོ་འདི་དག་ལེགས་པར་གསུངས་པ་ལེགས་སོ། ལེགས་སོ།། ཆོས་ལྔ་པོ་དེ་དག་ཐོས་ནས་འཁོར་བའི་ཡིད་བཞིན་དུ་ཐམས་ཅད་རྫོགས་པར་དོན་གྲུབ་པར་འགྱུར་ལགས་སོ།། མ་འོངས་པའི་སེཾས།
162a2 ཅན་རྣམས་ཀྱང་འདི་ཉིད་ཐོས་ནས།། ནག་པའི་ཕྱོགས་སྤངས་ཏེ། དཀར་པོའི་ཕྱོགས་ལ་ཞུགས་ཤིང་། རྟུལ་ཞུགས་གྲུབ་པར་འགྱུར་ལགས་སོ།། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་སར་བདག
162a3 སྐུམ་པར་སྤྱད་འདྲེམ་ན། བདག་ཅག་ལ་ཐུགས་རྩེ་བའི་སྲད་དུ་ཁྱོད་ཀྱིས་དེ་ལྟར་གནང་བར་མཛད་དུ་ག་མོས། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་སྤོབས་པའི་བློ་གྲོས་ལ་ཐུགས་རྩེ་བའི་སྲད་དུ་གནང་བར་མཛད་དོ།། དེ་ནས་ཚོང་དའོ།
162a4 སྤོབས་པའི་བློ་གྲོས་བཅོམ་ལྡན་འདས་ཀྱིས་གནང་བར་རིག་ནས་ཚིམ་ཞིང་མགུ་སྟེ། ཡི་རངས་ནས་རབ་ཏུ་དགའ་སྟེ། དཀའ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།
162a5 བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱས་ནས། གཡོག་འཁོར་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་ཟད་ནས་སོང་ངོ་།། དེ་རང་གི་ཁྱིམ། དུ་སོང་ནས། ཕ་མ་གཉིས་ཀྱི་རྐང་པ་ལ་ཕྱག་བྱས་ཏེ། ཐལ་མོ
162a6 པུག་ཕུག་པོར་སྦྱར་ནས། འདི་སྐད་ཅེས་སྨྲས་སོ།། ཡབ་ཡུམ་འ་དི་ལྟར་གང་འཇིག་རྟེན་ན་ཤི་ནད་ཏུ་དཀོན་པ་དེ་བཞིན་གཤེགས་པ་བླ་ན་མྱེད་པ་ཆོས་ཀྱི་རྒྱལ་པོ་ཁམས་སུམ་པ་ཐམས་ཅད་ལས་འདས་པ།
162a7 བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ས་བདག་གིས་གདུག་ཆོད་ལ་སྤྱན་དྲངས་ནས། དེས་ཀྱང་བདག་ཅག་ས་ཐུགས་རྩེ་བའི་སླད་དུ་གནང་ལགས་ཀྱིས་མཁྱེན་པར་མཛོད་ཅིག། དེ་ནས་སྤོབས་པའི་བློ་གྲོས
162a8 ཀྱི་ཕ་མ་དག་ཡིད་དགེ་སྟེ། འདི་སྐད་ཅེས་སྨྲས་སོ།། བུ་སེགས་སོ་། ཁྱོད་ཀྱིས་ལེགས་པར་བྱས་སོ་ཞེས་མངོན་པར་སྟོད་དེ།། དེ་བཞིན་གཤེགས་པ་མཆོད་པའི་ལས་ལ་སྤྲོ་བར་གྱུར་ད་ཏོ།། དེ་ནས་སྤོབས་པའི་བློ་གྲོས་ཀྱིས
162a9 རང་གི་ཆུང་མ་དམ་པ་གཡོག་འཁོར་བཅས་པ་ལ་བསྒོ་བ། བཟང་མོ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་དང་བཅས་པའི་དོན་དུ་བཟབ་པ་དང་བཏུང་བ་རོ།