| e-texts navigator |
| Wylie |
161a1 བློ་གྲོས་དགེ་སྦྱོང་དང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཉེ་བར་ཞི་བ་གཙོ་བོར་འཛིན་པའི་སེམས་ཅན་ཆོས་ལྔ་དང་ལྡན་པ་རྣམས་ནི། གང་དང་གང་དུ་སྐྱེ་བའི་སྐྱེ་བ་དེ་དང་དེ་ཐམས་ཅད་པུ་རྟག་ཏུ་སངས་རྒྱས་དང་། ཆོས
161a2 དང་དགེ་འདུན་ཕྲད་པ་ཐོབ་པར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ནས་ཀྱང་དེ་དག་ལས་ཆོས་ཀྱིས་ཐོས་ནས་ཡིད་དགའ་ཞིང་ཇི་བསམས་པ་བཞིན་དུ་བྱང་ཆུབ་རྣམས་ཐོབ་པར་འགྱུར་ལ། ཅི་འདོད
161a3 པ་བཞིན་ཕུན་སུམ་ཚོགས་པ་རྣམས་ཀྱང་ཐོབ་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ་བདག་ཉིད་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། གཞན་དག་ཀྱང་གསུམ་ལ་སྐྱབས་སུ་འགྲོ་བ་བསྒྲུབ་པ་ལ་རྣམ་པར་འཇོག་པར་བྱེད།
161a4 པ་དང་། རྣམ་པ་ཐམས་ཅད་ཀུན་ཏུ་རྫོགས་ཤིང་རྒྱས་ལ་རྒྱ་ཆེན་པོ་ལེགས་པར་བྱ་བ་འི་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། མཁན་པོ་དང་སློབ་དཔོན་དུ་ཤེས་ཤིང་གུས་པ་དང་བཅས་པ་དང་། བཀ
161a5 བློ་བདེ་བ་དང་མཐུན་པར་འཛིན་པར་བསྒྲུབ་པ་དང་། ཀུན་ཏུ་ཐོགས་པ་མྱེད་པའི་འོད་ཟེར་རྣམས་ཀྱིས། སེམས་ཅན་ཐམས་ཅད་བདག་དང་འདྲ་ཞིང་། བུ་གཅིག་པའི་བྱིས་པ་དང་འདྲ་བར་མཐོང་བ་དང་།
161a6 ཇི་ལྟར་བརྩམས་པའི་མདོ་བསྒྲུབ་པ་དང་། ཀླག་པ་དང་། ཁ་ཏོན་དང་། སུ་བནོད་པ་དང་། བཤད་པ་རྣམས་ཡིད་ལ་བྱེད་པ་ཡངས་ཤིང་རྣམ་པ་སྣ་ཆོག། ས་པ་དག་གིས་བར་ཆད་མྱེད་པར་བསྒོམ་པ་ལ་མངོན་པར་ཞེན་ཅིང
161a7 སྒྲུབ་པར་བྱེད་པ་སྟེ། སྤོབས་པའི་བློ་གྲོས་དགེ་བསྐྱོད་དང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཉེ་བར་ཞི་བ་གཙོ་བོར་འཛིནད་པ་སེམས་ཅན་ཆོས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་གང་དང་གང་དུ་སྐྱེ་བ་དེ་དང་དེ་ཐམས་ཅད་དུ་བར་ཆད་མྱེད་པར
161a8 སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་རྣམས་དང་མྱི་བྲལ་བར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ནས་ཀྱང་དེ་དག་ལས་ཆོས་ཀྱང་ཐོས་ནས་ཡིད་དགལ་ཞིབ་ཅི་བསམས་བཞིན་དུ་བྱང་ཆུབ་རྣམས་ས
161a9 པར་འགྱུར་ལ། མི་འདོད་པ་བཞིན་དུ་བུན་སུམ་ཚོགས་པ་རྣམས་ཀྱང་ཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་མ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལང་ཏོ།། གང་དག་སངས་རྒྱས་ཡོན་ཏན་མཆོག་གི