e-texts navigator
Collection
Volume
Page
Wylie

160b1 ཏུ་གཞན་སླུ་བའི་སེམས་སྐུར་བྱེད་པ་དང་། ཆོས་ཀྱི་འབྲེལ་པའི་གཏམ་ཆེན་པོ་ས་འདུས་པ་ལ། ཆོས་ཀྱི་གཏམ་དེ་ས་རྣམ་པར་སྨོད་པ་དང་། ཚངས་པ་མཚུངས་པ་སྤྱོད་པ་རྣམས་མཐོང་ན། དེ་དག་ལ་བརྙས་ཤིང་ཁྱང་ཆུ།
160b2 གསོད་པ་དང་། དམན་པམསེམས་སུ་བྱེད་པ་མེ་སོམམ་པའི་ན་གྲོམ་སེམས་ཅན་ས་མ་ས་པོ་དེ་དག་དང་ལྡམ་པ་རྣམས་ནི་གྱིའི་དམ་པ་ཐོབ་ནས། རྟག་ཏུ་མྱུར་དཔ་འདེབས་པ་ཐོབ་པར་འགྱུར་ཞིང་། སྐྱེ་བོ་མང་མོ་མྱི་དགལ་བ་།
160b3 མདོག་མྱི་སྡུག་པ་དང་། ཁ་དྲི་མྱི་ཞིམ་པ་དང་། སེམས་ཀྱི་དགའ་བ་དང་། གནོད་པ་མང་ག་དང་། སུས་ཤིན་ཏུ་སྦྱངས་པ་མ་ཡིན་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ
160b4 སྩལ་ཏོ།། སེམས་ཡིད་རྣམས་ཀྱི་གཞན་སེམས་དྲག་དུ་འཁྲུག་དང་སྡིག་པ་རྣམ་བྱས་པས། ལོག་པའི་ངག་དང་གཞན་ལ་གནོད་པར་དགའ་བ་ཐ་མ་རྣམ་སེམས་དང་། ལུས་ཀྱི་སྡུག་བསྔལ་མྱེད་རྫོགས་པར་བྱེད་ཉམས་སུ་མྱོབ
160b5 བར་འགྱུར། ལྕགས་ཀྱི་སྔགས་ཀྱུ་ཆེན་པོ་རྣོན་པོ་རྣམས་ཀྱིས་ཉམ་ས་ཐག་སྟེ་འབྱིན་འགྱུར། གཞིན་རྗེའི་དབང་ཕྱུག་གནས་སུ་ཡ་དམྱི་རྣམས་ཤིན་དུ་ཏུ་ཟངས་སྐོས་སྡུད་པར་འགྱུར། དམྱལ་བར་གྱི
160b6 བདེན་ཚིག་ཆེན་སྐྱེས་པ་དེ་དག་དགལ་བར་ཡོང་མྱི་འགྱུར། གང་ཚེ་འདིར་ནི་ཚིག་བཟང་བྲལ་བར་རོ་ལྟར་ཁ་དྲི་མྱི་ཞིམ་ཞིང་། འཇིག་རྟེན་རྒྱ་ག་ཏུ་སྡུག་པ་ཡིད་འོང་བ་ལྟ་སྡུག་མ་ཡིན་རྣམས་སུ་འགྱུར། རྒྱལ
160b7 པོའི་ཕོ་བྲང་འཁོར་དུ་མྱི་སྙན་སྐུར་འདེབས་རྩོད་པའི་སྐྱོན་མང་ཞིང་། དེ་དག་རྟག་ཏུ་སྐྱོན་གནས་ཡ་མང་པོས་གླེང་བར་འགྱུར། སེམས་ཅན་བརྫུན་སྨྲ་རྣམས་ཀྱིས་ཐ་མལ་སེམས་དང་ལུས་བདེ་བ་མ་ཡིན་ཕྱིར། སྔར་བཤད་ཉེས
160b8 འགྲོ་དེའི་འབྲས་བུ་སྡུག་བསྔལ་མང་པོ་སྤྱོད་པར་འགྱུར། མྱི་ཉིད་སྤངས་ནས་དབང་མྱེད་ཀྱི་རྣམས་བདེ་བ་ཀུན་ལ་སྲུ་བྱེད་པའི། སེམས་ཅན་དམྱལ་བའི་འཇིག་རྟེན་འགྲོ་འགྱུར་དེ་ནས་ཤི་འཕོས་གྱུར་ནས་ནི། འགྲོ་བ་ལྔ་པོའི
160b9 འཁོར་བའི་འཁོར་ལོ་ནུབ་པར་དུད་འགྲོ་རྣམ་སུ་སྐྱེ། དེ་ལྟར་ལུས་ཅན་ཁྱམ་པ་རྣམས་ཀྱི་སྡུག་བསྔལ་ཟད་པར་འགྱུར་བ་མྱེད། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་སྩ་སད་པ། སྤོབས་པའི




iiif viewer powered by OpenSeadragon

160a - 161a

Texts on this page

Ng5.7 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo