e-texts navigator
Collection
Volume
Page
Wylie

159a1 ལ་བརྩོན་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་རིགས་མཐོན་པོ་རྣམས་སུ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀལ་སྩལ་ཏོ།།
159a2 བསམ་བྱས་གང་དག་བསོད་ནམས་ཚོགས་པ་བསྐལ་བཟང་སྦྱིན་པའི་ཆོ་ག་བཞིན། ཀུན་ཏུ་སེམས་ཅན་མངས་ཀུན་འབྱེད་དེ་དག་རྟག་ཏུ་ནད་མྱེད་འགྱུར།། ཚེ་དང་ཁ་དོག་སྟོབས་ལྡན་ལུས་ཅན་འཇིག་རྟེན་མཆོག་ཏུ་འགྱུར། མཚུ
159a3 དང་རྒྱ་ཆེན་ཁྱད་པར་ཅན་གྱིས་མཛེས་བརྗོད་རིན་ཅེན་མི་དབང་བཞིན། འདུལ་བྱ་ཉམས་དཀའི་དཀོན་མཆོག་མཚུངས་མྱེད་པ་མ་རྣམས་ལ་བསྙེན་བཀུར་བྱས། ཤིན་ས་རྒྱ་ཆེན་གཙོ་མཆོག་ཁྱིམ་དུ་སྐྱེས་པ་གྲངས་མྱེད་སྐྱེ་བོས་མཆོ།
159a4 ཤི་ནད་ཏུ་ཆུས་ཀྱང་ཡིད་འཁྲུག་རྣམ་སྤངས་ཀུན་ཏུ་གཟུགས་ཀྱིས་འཕག། ས་པ་རྣམས། འཇིག་རྟེན་རྣམས་ཀྱི་མྱིག་ཏུ་སྡུག་པ་སྐལ་བཟང་རིགས་ནི་མཐོན་པོར་འགྱུར། གང་དག་བརྟན་ཞིང་ཀུན་བཟོད་ཤི་ནད་ཏུ་ཡིད་བཟང
159a5 དཀར་དང་མཐུན་རྣམས་དང་། མྱི་རྣམས་གང་དག་ཤེས་རབ་དག་མ་ཆོ་ག་སངས་རྒྱས་གསུང་ལ་ཁ་ཏོན་བརྩོན། དེ་དག་འབྱོར་ད་པ་ཐོབ། ནས་རིགས་མཆོག་སྐྱེས་པ་ཀུན་ཏུ་ཀུན་མཆོག་མཛེས་དེ་དག
159a6 དགེ་བས་རྒྱས་པས་ལུས་ཆེན་རྒྱ་མཚོ་ཆེན་པོ་བཞིན་དུ་སྭཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ་སྩལ་པ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ནི། བྲན་དང
159a7 བྲན་མོ་ཉིད་ཐོབ་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ་ཕ་མ་རྣམས་ལ་མྱི་གུས་པ་དང་། གྱ་ནོམ་པའི་སེམས་མ་ཡིན་པ་དང་། ཟློག་པ་མྱེད་ཅིང་ཅི་དགར་སྡིག་པར་སྤྱོད་པ་དང་། གཞན་གྱི་ནོར་འཕྲོག་པ་དང་། བུ་ལོན
159a8 ཕྲོགས་ནས་བདག་སྦེད་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་བྲན་དང་བྲན་མོ་ཉད་ཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ
159a9 སུ་ལར་ཏེ།། བསོད་ནམས་རྒྱ་ཆེན་འབྱོར་ད་པ་གངས་འོད་ལྟ་བུའི་ཁྱིམ་དུ་སྐྱེ་ཐོབ་ནས། བླུན་པོ་གང་དག་རྒྱགས་ཁེངས་དྲེགས་པས་བཀྲུགས་ཤིང་གུས་པར་མྱི་བྱེད་ལ། ཕ་མ་རྣམས་ལ་མཐུ་དེ་སྦྱིན་གནས་འདྲ་བར་འདུ་ཤེས




iiif viewer powered by OpenSeadragon

158b - 159b

Texts on this page

Ng5.7 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo