| e-texts navigator |
| Wylie |
158b1 སུ་སྐྱེ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལང་ངོ་ཏོ།། བཀྲེན་པའི་ཉེས་པས་བཅོམ་པ་ནོར་གཏོད་ཀྱི་བོད་པ། དེ་དག་གཞན་དག་ལས་ནི་བླང་བར་འདོད་པར་བྱེད། མཛོད་རྗེས།
158b2 ཀྱི་ནི་སྒོ་འཕར་དམ་དུ་བསྡམས་པ་རྣམས་དང་། འདིར་ནི་བསྐྱང་འོས་རྩ་ལ་ག་མཆོག་རྣམས་གསོ་མྱ་བྱེད། གཞན་ནོར་ཆུད་གཟོན་པའི་ས་རྟག་ཏུ་སྐྲག་པ་རྣམས། བླ་མ་ལ་ཡང་དེ་དག་རབ་རྩུབ་བྱམས་ཅན་མྱིན། དེ་དག་བདག
158b3 གི་ཆུང་མ་ལ་བསོགས་གཡོག་ཚོགས་ལ། དབྱིག་སྦྱིན་མྱི་བྱེད་ཤི་ནད་ཏུ་སྙིང་རྩེ་ཤེས་མྱེད་ཅིང་། དཀར་པོ་དག་ལས་ལོག་པ་དེ་དག་འདི་ནས་ཤི་འཕོས་ནས། ཡུན་རིང་མཆོག་དུ་ལུས་འབར་སྡུག་བསྔལ་ཡི་དགས་འགྱུར། དེ་དག
158b4 ལོ་བརྒྱ་རྣམསུ་རྨྱི་ལམ་རྨྱིས་པར་ཡང་། གོས་དང་ཟས་དང་བཏུང་བ་ནམ་ཡང་རྨྱི་མྱི་འགྱུར། ཁབ་འདྲའི་ཞབ་དང་རིན་ཅེན་ལྟ་བུའི་ལྟོ་ཅན་རྣམས།། ཉམ་ཐག་ཤར་དང་ནུབ་ཀྱི་རྒྱ་མཚོར་རྒྱུག་པར་བྱེད། ཁ་ནས་མྱེ་འབར་ལུས་ངན
158b5 ཕྱོགས་དང་ལྷོ་ཕྱོགས་གཞན། སྐམས་པར་མཐོང་ནས་རེ་ཆེན་བྱེད་རྣམས་ལྟུང་བར་འགྱུར།། གཤིན་རྗེ་ཆེན་པོ་ཉ་དཔུང་མགོ་ལས་གྲུབ་རབ་ཏུ་སྡུག་ཅིང་། སྲ་ལྡན་རྣམས་ཀྱིས་མནན་ནས་ཟངས་བཞུན་བཟོད
158b6 དཀའ་རབ་མྱེ་འདྲ་རེ་བྲོ་མྱེད་པ་དེ་དག་རྣམས་ལ་ལྟུང་། རྨོངས་རྣམས་ཡན་ལག་བརྒྱད་ལྡན་ནུ་བཞིན་འཐུན་པར་བྱེད། རང་གྲོལ་སུས་ཀྱི་འོག་པ་བསྲེགས་པ་འསིལ་བའི་རླུང་གིས་སུ། སྐྱེས་པའི་བདག
158b7 ཉིད་རྣམས་ལ་སྟོབས་ཆེན་ཡང་ལྟུང་བྱེད། དེ་ནས་ཤི་འཕོས་མྱིའི་འཇིག་རྟེན་འདིར་སྐྱེས་རྣམས་རིགས་དཔ་ལོངས་སྤྱོད་ལུས་གཡོག་རྣམས་ཀྱིས་དམན་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ
158b8 སྩལ་པ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ནི། རིགས་མཐོན་པོ་རྣམས་སུ་འགྱུར་ཏེ། སྔ་གང་ཞེ་ན། འདི་ལྟ་སྟེ། ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་དག་གིས་འཇིག་རྟེན་ཐམས་ཅད་ལ་གནོད་སོས
158b9 བྱེད་པ་མ་གྱུར་པ་དང་། དཀོན་མཆོག་གསུམ་དཔས་ཡ་ལ་ལུས་པ་དང་། ལྷན་ཅིག་སྐྱེས་པའི་བཟོད་པ་དང་། ངེས་པ་དང་། ཤིནད་ཏུ་མནོས་པ་དང་། སངས་རྒྱས་ཀྱི་གསུང་རྣམ་པ་མཐོགས་ཐོག་པ་དང་། འཏོན་ཏུ་རྒྱ