| e-texts navigator |
| Wylie |
158a1 འདིར་ནི་རྗེས་སུ་འགྲོ་བར་འགྱུར། ཇི་ལྟར་ཀངས་རི་ལས་འདིར་ཁ་བ་ཁབ་དང་རབ་ཕ་བ་དང་། ཆུའི་ཤུགས་ཀྱིས་འཕྲལ་དུས་འོག་འགྲོ་བ་བཞིན། སྭ་ཀྱིལ་གྲོང་དུ་སྡིག་པའི་ཕུང་པོ་མང་དུ་བྱས་པས་ན། རྨོངས་པ་རྣམས
158a2 ནི་དེ་བཞིན་དུ་འགྲོ་རྣམས་སུ་མྱུར་དུ་འགྲོ་རྟ་དྲེ་ལུ་རྔ་མོ་གླང་ཆེན་བ་གླ་མ་ཧེ་སེ་ཀེ་དང་། ཐ་དང་སྦྲུལ་དང་པ་ཀ་དང་ཁྱིམ་བསོགས་པ་གྱུརྡ་རྣམས་སུ། ནཱ་དང་ཤ་དང་བདུད་རྩི་ལོ་མའི་ཟས་ཟ་ཞིང་དེ་དག་རྟག་ཏུ་གཞན་གྱི་ཁུ
158a3 ཁྱེར་བྱེད་ཅིང་དུབ་པར་འགྱུར་བཀྲེས་པས་ཟིལྡ་ཀྱིས་གནོན་པས་གཅིག་ལ་གཅིག་ཟ་ལྷུར་བྱེད་པ། བསྐལ་པ་ཁྲག་ཁྲིག་རྣམས་སུ་འང་ནམ་ཡང་ཐ་རད་པར་མྱི་འགྱུར་ཞིང་། ཇི་ལྟར་རྒྱ་མཚོ་གཅིག་ན་རུ་སཱལ་མྱིཀ་ནི་གཅིག་ཡོད
158a4 བས། གཉའ་ཤིང་བུ་གར་འགྲིན་པ་གཏད་པར་མྱི་ནུས་པ། དེ་བ་ཞིན་སྭ་དང་མྱི་དང་དབང་ཕྱུག་བདེ་བྲག་དུ། ལོག་པར་ལྟུང་བ་བརྒྱ་ཡིས་ཐོབ་པར་ནུས་པ་མ་ཡིན་ཏེ། སངས་རྒྱས་འོད་ཟེར་དམ་པའི་ཚོགས
158a5 ཅན་དཔག་ཏུ་མྱེད་པ་དང་བྱང་ཆུབ་སེམས་དཔའ་ཁྱུད་མཆོག་འོད་ཀྱིས་དེ་དག་འབྱིན་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཡ། ང་སྤོབས་པའི་བློ་གྲོས་ལ་བཀའ་སྩལ་པ། སྤོབས་པའི་བློ་གྲོས
158a6 སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ནི་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ལྔ་གང་ཞེ་ན། དང་པོ་བཀྲེན་ཞིང་ཆགས་པ་དེ་པ། མུན་པ་ཡུན་ནག་ཆེན་པོ་འི་བཤེས་གཉེན་དང་བསོགས་པའི་སྐུར
158a7 བྱེད་པའི་ཕྱིར་བདག་ཉིད་ཀྱང་ལོངས་སྤྱོད་པར་མྱི་བྱེད་པ་དང་། ཆོས་མ་ཡིན་པ་དང་ལྡན་པའི་ཕྱིར་ཕྲ་དོག་དང་། སེར་སྣ་ལྷུར་ལེན་པར་བྱེད་པས། སྤུན་དང་། སྲིང་མོ་དང་། བུ་དང་། ཆུང་མ་དང་། བྲན་དང་། ལས་བྱེད་དང
158a8 ཞོ་ཤས་འཚོ་བ་དང་། མཛའ་ཤེས་བློན་པོ་དང་། ཉེ་དུ་དང་། འབྲེས་པ་དང་། སྦྱིན་གནས་དང་། དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་ཐམས་ཅད་ལ་རབ་ཏུ་སྦྱིན་པར་མྱི་བྱེད་ཅིང་ཕ་མ་དག་ལ་ཡང་རབ་ཏུ་སྦྱིན་པར་མྱི་བྱེད་པ་དང་།
158a9 ངེས་པར་བསྐྱང་བར་འོས་པ་དག་མྱི་སྐྱོང་ལ། བསྙེན་བཀུར་མྱི་བྱེད་ཅིང་། བླ་མ་ལ་མྱི་གུས་ལ་གཅེས་པར་མྱི་བྱེད་པ་སྟེ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་ཡི་དགས་རྣཾས