e-texts navigator
Collection
Volume
Page
Wylie

157a1 མགུ་བར་མྱི་བྱེད་ཅིང་བཀའ་བློ་མྱ་བདེ་ལ་མཐུན་པར་མྱི་འཛིན་ཅིང་། ཡང་དག་པར་རྗེས་སུ་བསྟན་ཀྱང་རྗེས་སུ་བསྟན་པ་ལ་བསྒྲུབ་པར་མྱི་བྱེད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་ལ་བདག་ལ་སྟོད་པར་བྱེད། གཞན་ལ།
157a2 སྨོད་པར་བྱེད་ཅིང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པའི་ཤས་ཆེ་ལ། བླ་མ་རྣམས་ལ་བརྙས་པར་བྱེད། བརྙེད་པར་དང་བཀུར་སྟི་དཔལ་ལྷག་པར་ཞེ་ནད་ཅིང་སྐུར་པ་ཡང་འདེབས་པར་བྱེད་པ་སྟེ། སྤོབས་པའི་བློ་གྲོས་སེམས
157a3 ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཞིང་། སྐྱེས་ནས་ཀྱང་ཇི་སྲིད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་འཇིག་པ་མ་བྱུང་བ་དེ་སྲིད་དུ་གནས་པར་འགྱུར་ཞིང་།
157a4 འཇིག་པ་མ་བྱུང་ནས་ཀྱང་འཇིག་རྟེན་གྱི་ཁམས་གཞན་སེམས་ཅན་དམྱལ་བུ་གང་དག་ཡོད་པ་དེ་དག་ཏུ་འཕེན་པར་འགྱུར་རོ།། གང་གི་ཚེ་དེར་ཡང་འཇི་ག་པ་འབྱུང་བར་གྱུར་ད་ན། དེའི་ཚེ་འཇིག་རྟེན་གྱི་ཁམས་གཞན་ན།
157a5 སེམས་ཅན་དམྱལ་བ་གང་དག་ཡོད་པ་དེ་དག་ཏུ་འཕེན་པར་འགྱུར་རོ།། དེ་བཞིན་དུ་སྦྱར་ཏེ། ཀུན་ཏུ་འཇིག་རྟེན་གྱི་ཁམས་གྲངས་མྱེད་པ་དག་ན་སེམས་ཅན་དམྱལ་བ་ཀར་དག་ཡོད་པ་དེ་དག་ཏུ་ཁྱམ་ཞིང་སྡུག་བསྔལ
157a6 ཉམས་སུ་མྱོང་ལ་འབྱུང་བའི་མཐའ་མྱེད་དོ།། དེ་ནས་བཅོམ་ལྡན་འད་ས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩ་ལ་ཏོ།། རྨོངས་པ་ས་ཐོག་མ་མྱེད་ནས་འཇིག་པའི་སྡུག་བསྔལ་བྱིང་གྱུར་པའོ། འཇིག
157a7 རྟེན་སངས་རྒྱས་ཡོན་ཏན་རྒྱ་མཚོ་ལས་ལེན་མྱི་བྱེད་དེ། དེའི་ཀུན་རིག་མ་ཡིན་རྣལ་འབྱོར་ང་རྒྱལ་པོ་མ་ཡིན་ཞེས། བདག་ཉིད་ཆུད་གཟན་སྐྱེ་བོ་གཞན་རྣམས་ལ་ཡང་སླུ་བར་བྱེད། བདེ་བར་གཤེགས་པའི་མཆོད་རྟེན་འབྱོར་ད་པའི་སྐུ
157a8 པའི་མཆོག་བྱས་ན། དགེ་བ་ཆུང་ངུ་འགྱུར་ཞིང་འཇིག་པར་བྱེད་པའི་ཚེར་འགྱུར་ཞེས། མྱི་དགེ་འདི་ནི་མངོན་གསུམ་དགེ་བ་མདུན་ན་ཡོད་བཞིན་དུ། འོན་ཀྱང་སྡིག་པ་རྣམ་པ་སྣ་ཚོགས་ཀུན་ཏུ་སྤྱོད་པར་བྱེད། བར་མ་བརྩོད་པའི
157a9 དུས་འདིར་བཞི་པོ་བཀྲེས་པས་ཉམ་ཐག་པ། ཕན་ཚུན་ཁོན་དུ་འཛིན་པས་དཀྲུགས་ཤིང་བླ་མ་སྨོད་པར་བྱེད། ཁོན་དུ་འདུས་པ་འདུལ་བའི་དཀའ་བ་འདི་ནི་རྣམ་བཤིག་པས། མྱི་བཟད་རོ་མྱེད་ལོག་པར་ལྟུང་བའི་སར་ནི་འགྲོ་བ




iiif viewer powered by OpenSeadragon

156b - 157b

Texts on this page

Ng5.7 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo