e-texts navigator
Collection
Volume
Page
Wylie

156a1 བཀ་ཡོད་ཀུན་དང་ལྡན་པར་འགྱུར། དེ་དག་རྟག་ཏུ་བདེ་གྱུར་ད་དབང་རྣམས་དེ་དག་ཕན་པར་བརྗོད་པར་བྱེད། ཀལ་ཏེ་ཚེ་ཟད་ལྷའི་ཡུལ་ནས་སྤུང་བའི་ལྷ་རྣམས་དེ་ཚེ་སྤད། སྡིག་མྱེད་ལོ་བརྒྱ་ཉི་ཤུ་འགྲོ་ན་ལྷའི་གནས་སུ་འགྲོ།
156a2 བར་འགྱུར། བསོད་ནམས་ལྔ་མངོན་གྱུརྡ་པས་དེ་ནི་དམ་པ་དཔལ་ལྡན་ལུས་འོད་ཅན།། སྐྲ་རྣམས་ལམ་སེལ་བྱེད་ཅིང་ལྷ་རྣམས་བྱེ་བས་མཆོད་དེ་བརྟན་པར་འགྲོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་སྤོབས་པའི་བློ་གྲོས་ལ་བཀའ
156a3 སཱ་ལ་པ། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་མྱི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ལྔ་གང་ཞེ་ན། དང་བ་བྱས་པ་བཟོ་བས་སྦྱིན་པ་དང་། བཀྲེན་པ་དང་། དབུལ་པོ་དང་། སྡུག་བསྔལ་བ་ལ་ཀུན་འགྱེད
156a4 བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་མ་ཉམས་པར་བསྟེན་པ་དང་། སེམ་ས་ཅན་ཐམས་ཅད་ལ་ཞ་འགྲས་པ་མྱེད་པའི་བཟོད་པ་དང་། བརྩོན་འགྲུས་ཀྱི་སེམས་ཅན་ལེ་ལོ་ཅན་རྣམས་དགེ་བའི་ཆོས་ལ་སྤྲོ་བར་བྱེད་ཅིང་ངེས་པའི་མེས
156a5 ཀྱིས་གུས་པ་དང་བཅས་ལ་མཐུན་པར་འཛིན་པ་སྟེ། སྤོབས་པའི་བློ། གྲོས་སེམས་ཅན་ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ནི་མྱོ་ཉིད་ཐོབ་པར་འགྱུར་ཞིང་ལོངས་སྤྱོད་ཀྱང་ཆེན་པོར་འགྱུར་བ་དང་། ཚེ་རིང་བ་དང་།
156a6 མཛེས་པ་དང་། གཟིལ་བརྗིད་དང་ལྡན་པ་དང་། འཇིག་རྟེན་གྱི་རྗེ་དཔོན་དུ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ད་ཏོ།། སྦྱིན་པ་བྱིན་པས་མྱིའི་རྒྱལ་པོ་དམ་པ
156a7 འགྱུར། རྟག་ཏུ་ལོངས་སྤྱོད་འབྱོར་ད་དང་ལྡན་པར་རབ་ཏུ་འགྱུར། ལུས་ངན་པོ་དང་མཚུངས་པར་སྦྱིན་པ་སྤྱོད་པར་བྱེད། རིགས་དང་དམ་པ་ཐོབ་པས་རྟག་ཏུ་དགའ་བར་འགྱུར། ཚུལ་ཁྲིམས་མ་ཉམས་དེ་ནི་དཀོན་མཆོག་མཆོད་པ།
156a8 བྱེད། ཉེས་བྱས་ཡོངས་སུ་སྤངས་པས་ཤིནད་ཏུ་ངེས་པ་སྟེ། ཚེ་རིང་དམ་པ་ཐོབ་པས་འཆི་འཕོ་མྱེད་པ་ཡིན། བདེ་བ་ཐོབ་པས་སྐྱོན་མྱེད་རབ་ཏུ་དགའ་བར་འགྱུར། དེས་པོའི་མྱི་ནི་ཕ་རོལ་སེམས་འཁྲུགས་མ་བྱས་ཤིང་།། ཀ8
156a9 དག་རྣམས་ཀྱིས་གནོད་བྱས་ཕྱིར་ནི་གནོད་མྱི་བྱེད། དེ་བཞིན་ཚིག་ངན་བརྗོད་ཀྱང་གཤེ་བར་མྱི་བྱེད་པས། དགེ་བའི་མཆོག་གི་ཚུལ་ཐོབ་ནས་ནི་མཛེས་པར་འགྱུར། བརྩོན་འགྲུས་བཟང་ལ་ལྤག་པའི་བསམ་པས་སེམས་དཀར་ཞི




iiif viewer powered by OpenSeadragon

155b - 156b

Texts on this page

Ng5.7 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo