e-texts navigator
Collection
Volume
Page
Wylie

155b1 དང་ལྡན་པའི་སེམས་ཀྱིས་གནོད་པ་མྱེད་པའི་སེམས་ཅན་རྣམས་ཡོངས་སུ་སྦྱོང་བར་བྱེད་ཅིང་བཟང་པོ་དང་ལྡན་པ་རྣམས་ཡིན། གཞན་གྱི་ནོར་འཕྲོག་པར་མྱི་བྱེད་ཅིང་བཀྲེན་པའི་སེམས་དང་ལྡན་པ་མ་ཡིན་པས་ཡོངས་སུ་གཏོང་བར་བྱེད་པ་ཡིན།
155b2 གཞན་གྱི་རླུང་མ་ལ་སྤྱོད་པ་རྣམས་ཀྱང་ཡོངས་སུ་དྲུག་པ་ཡིན་ཏེ། བསླབ་པའི་གའི་རྣམས་ཀྱང་སྲུང་བར་བྱེད་པ་ཡིན། གསོ་སྦྱོང་ལ་བརྩོན་ཞིང་བདེན་པ་སྨྲ་བ་ཡིན། རང་བཞིན་དུ་འདུག་ཅིང་དག་གི་སྤྱོན་ཆད་བྱེད་པ་སྤོང་བར་བྱེད་མྱོས་པར
155b3 འགྱུར་བའི་བཏུང་བ་སྤངས་པ་ཡིན་ཏེ། ལས་ལྔ་པོ་དེ་དག་དང་ལྡན་པ་རྣམས་ལྔའི་ལུས་འཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། སྲོག་ཆགས་བསོད་ལས་ལྡོག་པ་བྱས
155b4 པས་ལྔ་དང་མྱི་དང་ལྷ་མྱིན་རྣམས།། འཇིག་རྟེན་དུ་ནི་མྱི་ཐུབ་ལུས་ཅན་ཚེ་རིཔ་དང་མྱེད་འགྱུར་བ་ཡིན།། འོད་ཀྱི་དཀྱིལ་འཁོར་དག་པའི་ལུས་ཅན་བྲིས་ལྡན་དྲི་མྱེད་རྫོགས་པའི་ལུས་ཅན། ལྡན་པ་རབ་མཆོག་དེའི་ལོངས་སྤྱོད
155b5 སྣ་ཚོགས་དཔལ་ཅན་རྟག་ཏུ་འབྱུང་། བོར་མ་ཐག་ཏུ་ལྔ་དང་རྟག་ཏུ་སྭཱ། འིདབང་ཕྱུག་རྣམས་སུ་འགྱུར།། བས་མ་གྱེད་བརྩལ་བ་འཕྲོ་བ་རྣམ་སོག། རིན་ཆེན་ལོངས་སྤྱོད་རྣམས་དང་ལྡན། རྟག་ཏུ་དགུལ་ཞིང་རབ་ཏུ་ཡིད་དམ།
155b6 དཔལ་ལྡན་གཞལ་མྱེད་ཁང་གནས་ཤིང་། རྩེ་ཞིང་དགེ་བའི་དཔག་བས་ས་ཤིང་གི་ཡུལ་ན་མེ་ཏོག་གཏོར་ལུས་ལྡན།། ། མཁས་ཤིང་འདོད་པ་མྱི་ཕམ་ཡོངས་སྤངས་དྲི་མཆོག་དག་པའི་ལུས་དང་ལྡན། ཚེ་རབས་ཀུན་ཏུ་དཔེལ
155b7 མྱེད་ཀ་སེར་མཆོག་ལུས་དང་ལྡན་ཞིང་མཛེས། རྟག་ཏུ་སཱའི་ནང་དུ་བསྐལ་པ་བཟང་ཐོབ་ལུས་ལས་འོད་འབྱུང་འགྱུར།། ལྷ་མོ་རྫོགས་ཚོགས་ཀྱིས་བསྐོར་ཅིང་འདོད་པའི་དཔལ་ལ་སྤྱོད་པར་བྱེད།། སྔོན་ཆད་ཆོ་ག་བཞིན་བུ་དག་སྐྱོན་བཞི་སྤངས
155b8 བནི་རྣཾ་མ་འན། གམས་ཞི་འོགས་བྱེད་ཀྱི་འཇིགས་ཅིག་འཆོག་ས་རྣམས་འདིར་ནི་ངེས་པར་འབྱུང་།། ཡང་དག་སན་འདེབས་རྣམས་བསྒྲགས་སྤྱན་ཅིང་སྐྱེ་བོས་ཞིན་ཏུ་རིག་གཟུང་འོས། མི་ཡང་རོམ་པོའི་སྒྲ་འབྱོར་ང་སཱིད་སྒྲ་མ
155b9 སྐར་པོ་ཟབ་འཁོར་མང་ལྡམམ་རྨོངས་སེམས་ཀྱིས་མྱོས་འགྱུར་མ་ལེགས་འརྗོད་བྱེད་སྤངས་པས་ལྔར་འགྱུར་ཞིང་། གྲངས་མྱེད་དགེ་བའི་ས་ཡིས་མཆོད་པའི་སའི་གནས་ན་གནས་པར་འགྱུར། བྲོ་དང་ལྡན་ཞིང་ལུས་བརྟན་ཡང་བཟང




iiif viewer powered by OpenSeadragon

155a - 156a

Texts on this page

Ng5.7 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo