| e-texts navigator |
| Wylie |
155a1 ལས་གང་དག་གིས་ནི་མྱི་རྣམས་ཀྱི་ནང་དུ་སེམས་ཅན་དུ་སྐྱེས་པ་རྣམས་བསྐལ་པ་བཟང་པོར་འགྱུར་ཞིང་ཁྱིམ་འོལ་དང་ལྡན་པ་དང་། འདྲི་གདལ་བ་དང་། ཁ་དོག་དང་ལྡན་པ་དང་། མཐོང་ན་དགའ་བ་དང་གནོད་པ་མ
155a2 མཆིས་པ་དང་།། ལུས་དང་སེམས་ཤིན་ཏུ་ཐ་མལ་དུ་གནས་པ་དང་།། སྐྱེ་བོ་མང་པོས་བསྔགས་པ་རྣམས་སུ་འགྱུར། ལས་གང་དག་གིས་ནི་སེམས་ཅན་རྣམས་མྱིའི་དམ་པ་ཐོབ་ནས་རྟག་ཏུ་བསྐུར་པ་འདེབས་པ་ཐོབ་པར་འགྱུར་ཞི་སྐྱེ་བོ།
155a3 མང་པོ་མྱི་དགའ་བ་དང་། མདོག་མྱི་སྡུག་པ་དང་། བྷཱུ་ནརི་མྱི་གདལ་བ་དང་། གནོད་པ་མང་བ་དང་། སེམས་མྱི་དགའ་བ་དང་། ལུས་ཤིན་ཏུ་སྦྱངས་པ་མ་ལགས་པ་དང་། ཉེས་བྱས་ཀྱི་ལས་ཐམས་ཅད་བགྱིད་པར་འགྱུར།
155a4 བཅོམ་ལྡན་འདས་ལས་གང་དག་གིས་ནི་ལེགས་པའི་གསུངས་པའི་ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་བ་དགེ་སྦྱོང་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཉེ་བར་ཞི་པ་གཙོ་བོར་འཛིན་པ་རྣམས་གང་དང་གང་དུ་སྐྱེ་བའི་སྐྱེ་བ
155a5 ཐམས་ཅད་དུ་རྒྱུན་ཏུ་སངས་རྒྱས་དང་། ཆོས་དང་དགེ་འདུན་དཀོན་མཆོག་རྣམས་དང་མྱི་བྲལ་བར་འགྱུར་ཞིང་སངས་རྒྱས་བཅོམ་ལྡན། འདས་རྣམས་མཐོང་ནས་ཀྱང་དེ་དག་ལ་ཆོས་ཐོས་མ་མེད་བཞིན་རྩི་བས་ས
155a6 པ་བཞིན་དོན་ཡང་འགྲུབ་པར་འགྱུར། བདག་གིས་ཞུ་བ་བཅུ་པོ་དེ་དཀ་ཞུས་པ་ལགས་ན། འབྱུང་པོ་གྲངས་མ་མཆིས་པ་ཐམས་ཅད་ལ་སྨན་པའི་སླད་དུ། བཅོམ་ལྡན་འདས་གསོལ་བ་མ་བཏབ་པར
155a7 དགེ་བའི་བཤེས་གཉེན་མཛད། ཐུགས་རྗེ་ཆེན་པོ་དང་ལྡན་པ། དབང་དྲང་ལྡན་པ་ཆོས་ཐམས་ཅད་ལ་ལྐོག་དུ་མ་གྱུར་པའི་སྤྱོད་པ་དང་ལྡན་པས་རྣམ་པར་ཕྱེ་སྟེ་རྒྱས་པར་ལན་གསལ་དུ་གསོལ། དེ་ནས་བཅོམ་ལྡན
155a8 འདས་ཀྱིས་སྤོབས་པའི་བློ་གྲོས་ལ་བཀའ་སྩལ་པ། སྤོབས་པའི་བློ་གྲོས་ཁྱོད་ཀྱིས་ཇི་ལྟར་ཨུབ་ཞུས་པ་རྣམས་རྒྱས་པར་རྣམ་པར་ཕྱེ་སྟེ་བཞིད་ཀྱིས་ཉོན་ཅིག། ཚོང་དཔོན་སྤོབས་པའི་བློ་གྲོས་ཀྱིས་བཅོམ་ལྡན་འདས་དེ་བཞིན་འཚལ་ལོ་ཞེས
155a9 གསོལ་ནས། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩས་ཏོ།། སྤོབས་པའི་བློ་གྲོས་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ཀྱིས་ནི་ལྷོ་ཉིད་ཐོབ་པར་འགྱུར་ཏེ། སྔ་གང་ཞེ་ན། དང་པོ་བྱམས་པ